ཤ་བོ་སྐྱབས་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱི་ཏང་ཨུའི་དམངས་གཙོ་འཚོ་བའི་ཚོགས་འདུར་ཞུགས་ཏེ་མཛུབ་ཁྲིད་གསུང་བཤད་གནང་།
发布时间:2024年01月16日 消息来源:

ཤ་བོ་སྐྱབས་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱི་ཏང་ཨུའི་དམངས་གཙོ་འཚོ་བའི་ཚོགས་འདུར་ཞུགས་ཏེ་མཛུབ་ཁྲིད་གསུང་བཤད་གནང་།


རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།   


ཟླ1པོའི་ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱི་ཏང་ཨུའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུར་ཞུགས་ཏེ་མཛུབ་ཁྲིད་གསུང་བཤད་གནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྐང་ཚར་གཟིགས་ཞིབ་གནང་སྐབས་ཀྱི་བཀའ་མོལ་ཡིད་ལ་བརྟན་པོར་བཅངས་དགོས་པ་དང་། བརྗོད་དོན་སློབ་གསོ་ལས་རྙེད་པའི་ཡིད་ཆེས་ཀྱི་སྟོབས་ཤུགས་དེ་དྲིན་ཚོར་འབད་བརྩོན་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས་རྒྱུན་འཁྱོངས་ལྷོད་མེད་དང་ལས་དོན་ཡག་པོ་བསྒྲུབས་ཏེ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་གསར་པ་དང་རྣམ་པ་གསར་པ་མངོན་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

1.png

དམངས་གཙོ་འཚོ་བའི་ཚོགས་འདུའི་ཐོག འོམ་ཆུ་གྲོང་རྡལ་གྱི་ཏང་ཨུའི་ཚན་ཁག་གིས2022ལོའི་དམངས་གཙོ་འཚོ་བའི་ཚོགས་འདུའི་དག་ཐེར་དོན་འཁྱོལ་བྱས་ཚུལ་དང་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་གྲ་སྒྲིག་བྱས་ཚུལ་གྱི་བརྡ་ཁྱབ་བཏང་། འོམ་ཆུ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅིས་གྲོང་རྡལ་ཏང་ཨུའི་ཚན་ཁག་གི་ཚབ་བྱས་ནས་ཞིབ་བསྡུར་ཞིབ་བཤེར་བྱས། ཚན་ཁག་གི་ཁོངས་མིས་རེ་རེ་བཞིན་ཞིབ་བསྡུར་སྐྱོན་བཤེར་དང་རང་སྐྱོན་རང་བརྗོད། ཕན་ཚུན་སྐྱོན་བརྗོད་དང་བསམ་འཆར་བཏོན།

ཤ་བོ་སྐྱབས་ཀྱིས་ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་བསྟན་དོན། ད་ཐེངས་ཀྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་གྲ་སྒྲིག་བྱས་པ་ནན་ཏན་ཡིན་ཞིང་། སློབ་སྦྱོང་གི་ཕན་འབྲས་མངོན་གསལ་དོད། བསམ་བློའི་ངོས་འཛིན་གཏིང་ཟབ། ཚོགས་འདུ་གཟབ་ནན་དང་ནང་དོན་དངོས་སྒྲུབ་ལ་ཕྱོགས་ཡོད། རྒྱུ་རྐྱེན་དབྱེ་ཞིབ་བྱས་པ་གཏིང་ཟབ་ཅིང་དག་ཐེར་བྱེད་ཐབས་ནུས་ལྡན་ཡིན། “ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་པོ་ཡིན་དགོས་པ། རང་གཅུན་ནན་པོ་བྱེད་དགོས་པ”ཞེས་པའི་བླང་བྱ་ཐོག་མཐའ་བར་གསུམ་དུ་ལག་བསྟར་གང་ལེགས་བྱས་འདུག་པས་སྔོན་དཔག་གི་ཕན་འབྲས་དང་དམིགས་ཡུལ་གྲུབ་ཡོད། འོམ་ཆུ་གྲོང་རྡལ་གྱི་ཏང་ཨུས་ད་ཐེངས་ཀྱི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་པ་དེ་མགོ་འཛུགས་ས་གསར་པར་བརྩིས་ནས་ལས་གནས་ཀྱི་འགན་འཁྲི་དང་ལས་ཀའི་བླང་བྱ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་རང་ངོས་ཀྱི་འགན་འཁྲི་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་སུ་འགྱུར་བར་བྱེད་པའི་རེ་བ་ཡོད། གཅིག་ནི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་སླར་ཡང་ཤུགས་རྒྱག་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཚེ་གང་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དེ་སྔའི་མཁའ་ཐོག་འཕུར་མདེལ་དཔུང་སྡེ་ཐོན་བརྒྱད་པའི་རྗེས་ཤུལ་གྱི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་ཡག་པོ་བྱེད་དགོས། གཉིས་ནི་དག་ཐེར་ཡོ་བསྲང་དོན་འཁྱོལ་དམ་འཛིན་བྱེད་པའི་ཐད་ལ་ཡང་བསྐྱར་ཤུགས་རྒྱག་དགོས། གནད་དོན་དག་ཐེར་དང་བཅོས་སྒྲིག་ལ་མུ་མཐུད་དམ་པོར་དམིགས་པ་དང་། དག་ཐེར་བྱེད་ཐབས་ཞིབ་ཕྲ་དང་ཏན་ཏིག་ཏུ་གཏོང་བ། དག་ཐེར་དུས་བཀག་དང་འགན་འཁྲི་ཁ་གསལ་བཟོ་བ། “འཕྲལ་མར་སྒྱུར་བཅོས”དང“ཡུན་རིང་འཛུགས་པ”ཟུང་འབྲེལ་ཧུར་ཐག་བཅས་བྱས་ཏེ་དག་ཐེར་བཅོས་སྒྲིག་གི་ཕན་འབྲས་དངོས་ལ་བརྟེན་ནས་གྲོང་རྡལ་ཡོངས་ཀྱི་ལས་དོན་ལ་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་ཁྲིད་བྱེད་དགོས། “དར་རྒྱས་ཆེན་པོ་ལྔ”ལ་དམིགས་ནས་སྣ་མང་ཅན་གྱི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་རིམ་པ་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནི་ལས་སྒྲུབ་ལས་གཏོད་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་སླར་ཡང་ཤུགས་རྒྱག་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་རྒྱུ་དང་ལས་དོན་ཁག་དམ་འཛིན་ཡག་པོ་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། ཞིང་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་ལེ་ལག་ཚང་བའི་ལས་གྲྭ། གྲོང་གསེབ་ཀྱི“ཡོད་པ་བཅུ”ཡི་ལས་གྲྭ་སོགས་གཙོ་གནད་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། གྲོང་ཚོའི“ཡོད་པ་བཅུ”ཡི་ལས་གྲྭ་གསར་གཏོད་དང་སྐུལ་འདེད་གཏོང་དགོས། མང་ཚོགས་ཀྱིས་ཐང་ག་དང་། འཚེམ་དྲུབ། རྡོ་བརྐོས། ཀོ ་བཟོའི་སྒྱུ་རྩལ། བལ་གྱི་ཁ་བཏགས་སོགས་མི་རིགས་ཀྱི་བཟོ་རྩལ་ཐོན་རྫས་བཟོ་བ་དང་ཕྱིར་ཚོང་བྱེད་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་གཏོང་དགོས། “ངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཕྱིར་འབད་པ་བྱེད”ཅེས་པའི་བྱེད་སྒོ་ཏན་ཏིག་སྤེལ་ནས་རྒྱ་ཆེའི་མང་ཚོགས་ལ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། བཞི་ནི་སྤྱོད་ཚུལ་རྒྱུན་མཐུད་ངང་བསྒྱུར་བའི་ཐད་ལ་སླར་ཡང་འབད་བརྩོན་བྱ་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་པོའི་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ་དང་། “ལས་གནས་གཅིག་ལ་འགན་འཁྲི་གཉིས་”དོན་འཁྱོལ་ནན་པོ་བྱེད་པ། སྙིང་གཏམ་ཤོད་རེས་དང་། ཉེན་བརྡ་དྲན་སྐུལ། སྐྱོན་བརྗོད་སློབ་གསོ་སོགས་ཀྱི་བྱེད་ཐབས་གང་ལེགས་སྤྱད་དེ་སྤྱོད་ཚུལ་ནན་གཏོང་དང་སྒྲིག་ཁྲིམས་ནན་དུ་གཏིང་ཟབ་གཏོང་དགོས། དོན་དག་གལ་ཆེན་དག་དགོངས་སྐོར་སྙན་སེང་ཞུ་བ་དང་། “གལ་ཆེན་གསུམ་དང་འབོར་ཆེན་གཅིག་”གི་ཐུན་མོང་ཇུས་ཐག་གཅོད་པ་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་ཏན་བྱས་ཏེ། གྲོང་གསེབ་ཀྱི་རིམ་པ་གཉིས་པའི་ནོར་དོན་དོ་དམ་ལས་དོན་རྒྱུན་མཐུད་ངང་ཚད་ལྡན་དུ་གཏོང་དགོས། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་དུ་བསྟར་ནས་དགོན་སྡེའི་ཚན་རིག་ཅན་དང་། ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་དོ་དམ་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།

4.png

ཚོགས་འདུ་གྲོལ་རྗེས་ཤ་བོ་སྐྱབས་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་གྲོང་ཚོའི་ནས་ཆང་བཟོ་གྲྭ་དང་། གཙང་ཤར་གྲོང་ཚོའི་བོད་ཟས་ཟ་ཁང་དུ་ཕྱིན་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ལ་རྒྱུས་ལོན་གནང་བ་དང་། ཐོན་ལས་སྐུལ་འདེད་བཏང་ཚུལ་དང་འཁོར་སྐྱོད་གནས་ཚུལ་ལ་གསན།

5.png

ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་ལི་ཞུས་ཀྲེན། རྐང་ཚ་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཨུའི་གཞུང་ལས་ཁང་གི་ལས་བགོས་འགན་འཁུར་བློ་མཐུན་བཅས་ཀྱིས་ཕེབས་རོགས་བྱས།