རྐང་ཚ་རྫོང་གིས་ཏང་འཛུགས་ལེགས་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནུས་ལྡན་ངང་མཉམ་འདྲེས་བྱས་པ།
发布时间:2024年01月23日 消息来源:

 རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།     བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 


    

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དངོས་འབེབས་བྱེད་པར་དམ་པོར་དམིགས་པ་དང་། གཞི་རིམ་ཏང་འཛུགས་བྱ་བའི་ཐབས་ལམ་གསར་པ་དང་བྱེད་ཐབས་གསར་པ་གཏིང་ཟབ་སྒོས་འཚོལ་ཞིབ་བྱས་ཏེ། ཏང་འཛུགས་ལེགས་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནུས་ལྡན་ངང་མཉམ་འདྲེས་དང་ཕན་ཚུན་ལ་སྐུལ་འདེད་དང་མཉམ་དུ་རྒྱལ་ཁ་ལེན་པ་བཅས་མངོན་འགྱུར་བྱས།

ཆབ་སྲིད་སྤྱི་འདོམས་ཇེ་དྲག་ཏུ་བཏང་བ། གཞི་རིམ་ཏང་འཛུགས་སྐྲུན་གྱི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་ཏན་ཏིག་གིས་དངོས་འབེབས་དང་། རྫོང་རིམ་པའི་མགོ་ཁྲིད27གྱིས་གཞི་རིམ་ཏང་རྩ་འཛུགས་འགན་ལེན་བྱེད་པ་ཁྱོན་ཡོངས་སུ་ཁེབས་པར་བྱས་ཏེ། རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཞི་རིམ་གྱི་སྣེ་ཁྲིད་པ་དང་ལེགས་འཛིན་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱིས་རང་སོ་སོའི་ལས་འགན་འཁུར་བ་དང་དངོས་འབེབས་ལེགས་འཛིན་བྱེད་པའི་རྣམ་པ་ལེགས་པོ་ཆགས་པར་བྱས་ཡོད།“གཞི་རིམ་ཏང་འཛུགས་ཀྱིི་སྤུས་འདེགས་ཕན་འཕར་ལོ”ཡི་བྱ་འགུལ་སྤེལ་བ་དང་།“སེམས་ཤུགས་གཅིག་སྒྲིལ། སྟོབས་ཤུགས་གོང་བུར་སྒྲིལ་བ། གདོང་མཆོང་དང་ལེགས་གསོ། རྨང་བརྟན”གྱི་བཟོ་འགོད་ཆེན་པོ་ལྔ་ལག་བསྟར་བྱས་ཏེ། གཞི་རིམ་ཏང་འཛུགས་བྱ་བའི་སྤུས་འདེགས་ཕན་འཕར་ལ་སྐུལ་འདེད་བཏང་།

རྩ་འཛུགས་མ་ལག་ཚགས་དམ་པོར་བཟོས་པ། “སྲོག་ཤིང་གཅིག་དང་དཔུང་སྡེ་ལྔ་ཡིས་དར་སྤེལ་ལ་སྐུལ་བ”ཡི་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་བ་དང་། ལས་ཁུངས་ཀྱི“སྟོབས་ལྡན་བཞི”ཡིས་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་པར་སྐུལ་འདེད་བྱས་ཏེ། “སྣེ་ཁྲིད་གཅིག་དང་མཐོར་འདེགས་བཞི”ཡི་བྱ་བ་དངོས་འབེབས་བྱས། “གསར་པ་གཉིས”ཀྱི་ཏང་རྩ་འཛུགས་དང“ཁེབས་པ་གཉིས”ཀྱི་བྱ་འགུལ་གཏིང་ཟབ་སྒོས་སྤེལ་ཏེ། “དམར་པོའི་ས་ཚིགས”ཐོག་མ་གསར་སྐྲུན་དང་།“དམར་པོའི་གཞིས་ལས”ཀྱི་ཏང་རྩ་འཛུགས་བཙུགས།

རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་བསྣན་པ། མ་དངུལ་སྒོར་ཁྲི528གྲབས་གསོག་དང་། “ཡོད་པ་བཅུ”ཡི་བཟོ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། གཞི་རིམ་གྱི་ལས་ཀའི་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་། མ་དངུལ་སྒོར་ཁྲི301བཏང་ནས་སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ལས་གཞི1གསར་དུ་བསྐྲུན་པ་དང3ཞིག་གསོ་བྱས་ཏེ། རྫོང་དང་ཞང་དང་སྡེ་བ(སྡེ་ཁུལ)ཡི་ཏང་འཛུགས་ཆེད་སྤྱོད་མ་དངུལ་སྒོར་ཁྲི387དངོས་འབེབས་བྱས།

འཕེལ་རྒྱས་ཀྱི་གསོན་ཤུགས་བཏོན་པ། ཧྲུའུ་ཅི་དང“ཨུ་ལྷན་གཉིས”ཀྱི་ཁོངས་མི1རེ་སྙོམས་སྒྲིག་བྱས་ཏེ། སྡེ་བ་རིམ་པའི་རྗེས་གྲབས་འཇོན་མིའི་མཛོད་དུ་མི147བཞག དབུལ་ཐར་མ་བྱུང་བའི་སྡེ་བར“དཔུང་སྡེ་ལྔའི་མཛུབ་སྟོན་པ”17མངགས་གཏོང་བྱས་པ་དང་། 《སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་རྒྱ་སྐྱེད་གཏོང་བའི་ལག་བསྟར་ཞིབ་སྲོལ(ཚོད་ལྟའི་ལག་ལེན)》སྒྲིག་བཟོ་གཏན་འབེབས་བྱས་ཏེ། 2023ལོའི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྤྱིའི་ཡོང་སྒོ་སྒོར་ཁྲི2828ལ་སླེབས།

བྱ་བའི་ཐེག་བྱད་གསར་སྐྲུན་བྱས་པ། ཏང་ཡོན་དཔེ་སྟོན་ལས་རྐང235བསྐྲུན་ཏེ། མང་ཚོགས་ལ་དོན་དངོས་ཐེངས486བསྒྲུབས། རྫོང་དང་ཞང་དང་སྡེ་བ་བཅས་རིམ་པ་གསུམ་གྱི་མཐོང་གཟུགས་གསོ་སྦྱོང་མ་ལག་འཐུས་ཚང་དུ་བཏང་བ་དང་། ལོ་ཧྲིལ་པོར་ལིའོ་ཁྲེང་གྲོང་ཁྱེར་གྱི་ཚན་རྩལ་ལས་བཟོ་པའི་གསོ་སྦྱོང་སོགས་རྫོང་ཕྱིའི་གསོ་སྦྱོང་འཛིན་གྲྭ་ཐེངས44བསྒྲུབས་ལ། གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་སྐབས10ལ་བསྒྲུབས་ཏེ། གསོ་སྦྱོང་དུ་ཞུགས་པའི་མི་ཐེངས600ལྷག་ལ་སླེབས། །