ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་རྒྱལ་ཁའི་ངང་གྲོལ།
发布时间:2024年01月29日 消息来源:

ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་རྒྱལ་ཁའི་ངང་གྲོལ།

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片

ཟླ1པོའི་ཚེས28ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས། མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་གྲོལ། 

ཟླ1པོའི་ཚེས28ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས། མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་གྲོལ། ཚོགས་ཆེན་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་དྲིན་ཚོར་འབད་འཐབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཅངས་པའི་ཐུགས་ཁུར་དང་བརྩེ་བ་ཟབ་མོ་དེ་རང་འགུལ་གྱིས་བྱ་བ་སྒྲུབ་པ་དང་འབད་བརྩོན་གྱིས་བྱ་བ་སྒྲུབ་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་ཏེ། མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་། མཛེས་སྡུག་གི་མཚོ་སྔོན་གྱི་མདུན་ལྗོངས་སྔར་ལས་ཇེ་བཟང་དུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་འབྲི་བར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བཏང་། 


ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་དགུ་བཅུ་ཡོད་པ་དང་། འཐུས་མི་སུམ་བརྒྱ་དང་རེ་བདུན་དངོས་སུ་འབྱོར་ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན།


ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲིན་ཀང་གིས་གཏམ་བཤད།


ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ལིས་མེན་གྱིས་འགོ་འཛིན་བྱས་པ་དང་། དབྱང་ཧྥིན་ཁྲུན་དང་། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། ཁྲིན་ཏུང་ཁྲང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།


ཝུའུ་ཞའོ་ཅུན་དང་མགོན་པོ་བཀྲ་ཤིས། ལིའུ་ཆི་ཧྥན། ཝང་ཝེ་ཏུང་། ཀྲའོ་ཡུའེ་ཞཱ། ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ལིན་ཧུའུ། ཝུའུ་ལཱ་ཙི་པེ་ཁི་རེ་སུའུ་ལེ་ཧན། པད་གོ་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།


ཚོགས་ཆེན་ནས་ཝང་ཅིན་ཀྲའེ་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་བདམས་པ་དང་། ལིའུ་པའོ་ལིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དུ་བདམས། སྤྲོ་སེམས་འཁོལ་བའི་དགའ་བསུའི་ཁྲོད་དུ། གསར་དུ་བདམས་ཐོན་བྱུང་བའི་མི་སྣ་དམངས་ཆེན་གྱི་འཐུས་མི་རྣམས་དང་ཐུག


ཚོགས་ཆེན་ནས་རིམ་པ་བཞིན་དུ་སྲིད་གཞུང་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་བཞི་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གསུམ་ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་བཞི་ལོའི་སྔོན་རྩིས་གྲོས་ཆོད། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག་བཅས་ལ་གྲོས་འཆམ་བྱུང་།


ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་རྩ་འཛུགས་དང་དམངས་ཆེན་འཐུས་མི་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་དང་ཧུར་ཐག་གིས་བྱས་རྗེས་བཞག་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས། ཁྲིན་ཀང་གིས་བསྟན་དོན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་ཕུན་སུམ་ཚོགས་པར་བསྡུས་པ་དང་། དེ་ནི་དར་ཆ་མཐོན་པོར་བསྒྲེངས་པ་དང་འགན་འཁྲི་སྟོང་ཟད་དུ་མ་བཏང་བའི་ཚོགས་ཆེན་ཞིག་ཡིན་པ་དང་། དམངས་གཙོ་དར་སྤེལ་དང་སེམས་ཤུགས་གཅིག་སྒྲིལ་གྱི་ཚོགས་ཆེན་ཞིག་ཡིན་ལ། བདེན་འཚོལ་དངོས་གཉེར་དང་གསར་འབྱེད་ཡར་བརྩོན་གྱི་ཚོགས་ཆེན་ཞིག་ཡིན། གྲོས་ཚོགས་ཀྱི་སྐབས་སུ། འཐུས་མི་ཡོངས་ཀྱིས་ཁྲིམས་ལྟར་ལས་འགན་སྒྲུབ་པ་དང་། ཧུར་ཐག་གིས་བློ་གྲོས་བཏོན་ལ། མཉམ་དུ་འཆར་འགོད་བྱས་པ་དང་། མཉམ་དུ་འཕེལ་རྒྱས་གླེང་ནས། དུས་རབས་གསར་བའི་དམངས་ཆེན་འཐུས་མིའི་ཆེ་ཕྱོགས་བསམ་པ་དང་མི་དམངས་ལ་བློ་དཀར་བའི་འགན་འཁྲིའི་ཁག་ཁུར་དང་། ཡར་རྒྱས་བརྩོན་ལེན་དང་འབད་པས་མདུན་སྐྱོད་ཀྱི་བསམ་པའི་འཁྱེར་སོ་གང་ལེགས་སྒོས་མངོན་ཡོད།


ཁྲིན་ཀང་གིས་ནན་གྱིས་བསྟན་དོན། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོར་ཞུགས་ཏེ། དུས་རབས་གསར་བའི་རྒྱུགས་སྤྲོད་པ་བཟང་བོ་ཞིག་བྱེད་པ་ནི། མཚོ་སྔོན་གྱི་མི་རེའི་ཕྲག་སྟེང་དུ་བབས་པའི་འགན་འཁྲི་ཡིན་པས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པ། ཇི་མ་ཇི་བཞིན་དུ་དངོས་འབེབས་དམ་འཛིན་དང་། མྱུར་བ་མྱུར་དུ་དངོས་འབེབས་དམ་འཛིན། བདེན་འཚོལ་དངོས་གཉེར་གྱིས་དངོས་འབེབས་དམ་འཛིན། སྒྲུབ་ཕོད་སྒྲུབ་འདོད་ཀྱིས་དངོས་འབེབས་དམ་འཛིན་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་རྒྱུ་དེ་དུས་རབས་གསར་བའི་དོན་དམ་གྱི་གནས་ལུགས་སུ་བརྩི་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆེས་ཆེ་བའི་ཆབ་སྲིད་དུ་བརྩི་བ། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དེ་བྱ་བ་བཟང་བོར་སྒྲུབ་པའི་དོན་དངོས་བྱ་སྤྱོད་དུ་བསྒྱུར་དགོས། ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་ཆབ་སྲིད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། ལས་བྱེད་པའི་སྒྲུབ་དགོས་པའི་བརྩོན་སེམས་བསྐྱེད་པ་དང་། བསམ་ཕྱོགས་གསལ་དགོས་པའི་གཞི་རྩའི་ནུས་པ་སྦྱངས་པ། རང་གཅུན་ནན་མོ་བྱེད་དགོས་པའི་སྣང་ཚུལ་གསར་བ་ངོམ་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགོ་རྩོམ་ས་ཡང་དག་པར་བཙལ་ནས། འཕེལ་རྒྱས་སྐུལ་འདེད་ཀྱི་ཇུས་གཞི་འདོན་པ་དང་དམངས་ཚིས་ལེགས་བཅོས་ཀྱི་ཐབས་ཇུས་འབུལ་བ། སྤྱི་ཚོགས་འཆམ་མཐུན་གྱི་འཆར་གཞི་བཀོད་དེ། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་ཐོན་ལས་ཀྱི་གནས་བཞི་བསྐྲུན་པར་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་བ་ལེན་དགོས། དུས་ནམ་ཡང་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བའི་བརྩེ་སེམས་དང་ཁག་ཁུར་བརྟན་སྲུང་བྱེད་པ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་སུ་ཤེས་རྟོགས་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། མཐོང་ཡངས་པའི་ནམ་མཁའ་དང་རྔམ་མཐུག་པའི་ས་གཞི་ལ་བརྩོན་སེམས་ཆེན་པོས་སྲུང་སྐྱོབ་དང་། ཞིང་ཆེན་དར་ཞིང་འབྱོར་ཕྱུག་རྒྱས་པར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་བཏང་ནས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་དེ་སྲིད་འབྲས་ལྟ་བ་དང་། རིན་ཐང་ལྟ་བའི་ཁྲོད་འདྲེས་པར་བྱེད་པ་དང་། བསམ་དོན་ཡོད་ཚད་དང་སྟོབས་ཤུགས་ཡོད་ཚད་ལས་སྒྲུབ་ལས་སྤེལ་དང་། མི་དམངས་ཕྱུག་སྒྱུར་སྟེང་བཀོལ་ཏེ། བློ་བརྟན་འགྱུར་མེད་སྒོས་རིགས་སོ་སོའི་མང་ཚོགས་ལ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་པའི་བརྒྱུད་རིམ་ཁྲོད་དུ་རླབས་ཆེ་བའི་གཟི་བརྗིད་མཉམ་སྤྱོད་བྱེད་དུ་འཇུག་དགོས།


ཁྲིན་ཀང་གིས་རིམ་པ་སོ་སོའི་དམངས་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་དུས་རབས་གསར་བའི་དམངས་ཆེན་གྱི་བྱ་བ་ཡག་པོར་སྒྲུབ་པའི་རྩ་བའི་བསྲུང་བྱ་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ་ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱེད་དགོས། རིམ་པ་སོ་སོའི་དམངས་ཆེན་འཐུས་མིས་ཁྱོན་ཡོངས་ལ་འགན་ཁུར་བ་དང་། མ་འོངས་པར་འགན་ཁུར་བ། མི་དམངས་ལ་འགན་ཁུར་བ་བཅས་བྱས་ནས་སྔར་ལས་ཧུར་བརྩོན་དང་རང་འགུལ་གྱི་སྒོ་ནས་མི་དམངས་ཀྱི་ཆེད་དུ་བློ་འདོན་པ་དང་འཕེལ་རྒྱས་ཀྱི་ཆེད་དུ་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་མི་དམངས་ཀྱིས་བཅོལ་བའི་ལས་འགན་ལྕི་མོ་དངོས་སུ་ཁུར་དུ་བླངས་ནས་འབད་འབུངས་ཡར་བརྩོན་གྱི་སྐྱོད་ལམ་གསར་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས་པའི་རེ་བ་བཏོན། 


ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་དང་། མཚོ་སྔོན་བཅའ་སྡོད་དམག་དཔུང་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ཚོགས་ཆེན་ལ་ཞུགས་པ་དང་ཟུར་ཞུགས་བྱས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།


ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་དམངས་ཆེན་ལས་ཁུངས་སུ་སྡོད་པའི་སྒྲིག་བཤེར་ལྟ་ཞིབ་ཚན་ཆུང་གི་ཚན་གཙོ། ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་ལས་ཁུངས་དང་ཐད་གཏོགས་ལས་ཁུངས། མངགས་གཏོང་ལས་ཁུངས་་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་མིན་པའི་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་མིན་པའི་རྫོང་རིམ་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཟུར་ཞུགས་བྱས། 


ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མཇུག་སྒྲིལ།