རྐང་ཚ་རྫོང་རྟ་གྲུག་རུ་ཁག་གིས་ཟླ་གཅིག་ལ་རྟ་རྩལ་སྦྱོང་བརྡར་བྱེད་རྒྱུ་རེད།
发布时间:2024年01月30日
消息来源:
རྐང་ཚ་རྫོང་རྟ་གྲུག་རུ་ཁག་གིས་ཟླ་གཅིག་ལ་རྟ་རྩལ་སྦྱོང་བརྡར་བྱེད་རྒྱུ་རེད།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་མཚོ་བྱང་ཁུལ་གྱི་རྟ་རྒྱུག་རིག་གནས་ལུས་རྩལ་ཁྱབ་གདལ་དང་འཕེལ་རྒྱས་གཏོང་ཆེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་གཞིར་བཟུང་། མཚོ་བྱང་ཁུལ་རྐང་ཚ་རྫོང་གིས་བཙུགས་པའི་རྟ་གྲུག་རུ་ཁག་ཐོག་མ་དེ་མཚོ་སྐོར་རྟ་རྒྱུག་ར་བར་སྦྱོང་བརྡར་བྱས། རྟ་རྒྱུག་རུ་ཁག་གིས་འཁྲབ་སྟོན་བྱས་པ་བརྒྱུད་མཚོ་བྱང་ཡུལ་སྐོར་བྱེད་སྒོའི་ལྟ་སྐོར་དང་སྤྲོ་སྣང་རང་བཞིན་ཆེ་རུ་བཏང་ནས་དཔལ་འབྱོར་འཛད་སྤྱོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བར་བརྟེན། ཡུལ་སྐོར་བས་མཚོ་བྱང་དུ་མི་རིགས་རིག་གནས་ཉམས་ལེན་བྱེད་པའི་དམིགས་ཡུལ་འགྲུབ་ལ་ཧུར་ཐག་སྒོས་མཚོ་བྱང་ཡུལ་སྐོར་ཆས་རྟགས་ཀྱི་སྙན་གྲགས་རྒྱས་སུ་བཅུག་ཡོད།




རྐང་ཚ་རྫོང་གིས་རྟ་གྲུག་རུ་ཁག་འཛུགས་རྒྱུའི་ལས་དོན་ཐད་ཕྱོགས་མང་བོར་འབྲེལ་གཏུག་དང་བློ་འདྲི་བྱས་ནས་རྟ་རྩལ་ཅན་དང་སྐྱ་རྩལ་མི་སྣ་ལ་འབྲེལ་བ་བྱས་པ་བརྒྱུད། ཡུལ་ཚོ་དང་གྲོང་རྡལ་ལྔ་ནས་ཡོང་བའི་རྟ32དང་ཁྱོན་རུ་ཁག་བཞི་ཡོད་པ། རྟ་གྲུག་རུ་ཁག་གི་ཆེད་ལས་ལག་རྩལ་མཐོ་རུ་གཏོང་ཆེད་ཀན་སུའུ་ཞིང་ཆེན་རྨ་ཆུ་རྫོང་གི་ཆེད་ལས་རྩལ་ཁྲིད་པ་གཉིས་གདན་དྲངས་པ་དང་རྩལ་ཁྲིད་པ་གཉིས་པོས་ཉིན་བཅུའི་ནང་རྟ་གྲུག་རུ་ཁག་གི་རུ་མི་གསོ་སྦྱོང་བྱས་ནས་མ་འོངས་ཟླ་བ་གཅིག་ནང་སྦྱོང་བརྡར་བྱ་རྒྱུ་རེད། 2024ལོའི་ཟླ1པོའི་ཚེས10ཉིན་ནས་བཟུང་རྟ་རྒྱུག་རུ་ཁག་གི་མི་སྣས་རྐང་ཚ་རྫོང་མཚོ་སྐོར་རྟ་རྒྱུག་ར་བར་གོ་རིམ་ལྡན་པའི་ངང་སྦྱོང་བརྡར་བྱས་པ་དང་། མ་འོངས་པའི་སྦྱོང་བརྡར་ཁྲོད་མུ་མཐུད་འབད་བརྩོན་བྱས་ནས་རང་ཉིད་ཀྱི་རྟ་རྩལ་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་བྱེད་སྒོ་ཆེ་གྲས་ཁག་གི་ཁྲོད་མི་རིགས་ལུས་རྩལ་གྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་རྒྱུའི་རེ་བ་བྱེད་ཀྱིན་ཡོད།


