རྐང་ཚ་རྫོང་དམངས་ཁྲོད་གཏམ་དཔེ་མཐུན་ཚོགས་ཀྱི་གནང་སྦྱིན་བྱེད་སྒོ།
发布时间:2024年02月02日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས།   རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片
༢༠༢༤ལོའི་ཟླ༡པོའི་ཚེས༣༡ཉིན། རྐང་ཚ་རྫོང་དམངས་ཁྲོད་གཏམ་དཔེ་རྒྱུད་འཛིན་མཐུན་ཚོགས་ཀྱིས་དམངས་སྒོར་༣༧༨༢བཏང་སྟེ། སྐྱིད་སྨོན་ཡུལ་ཚོ་དང་མཚོ་འཁྱིལ་ཡུལ་ཚོ། གཡུ་དཀར་འོམ་ལུང་ཡུལ་ཚོ་བཅས་ཀྱི་སྡེ་བ་བཅུ་བདུན་གྱི་དབུལ་ཐར་ཁྱིམ་ཚང་རེར་གནམ་ལོ་གསར་ཚེས་ཀྱི་སྐབས་དང་བསྟུན། མཐུན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་ནོར་བུ་གཙོ་བྱས་སྡེ་བའི་ཏང་ཡོན་རྒན་པ་དང་སྡེ་དཔོན་རྒན་པས་ཡུལ་དངོས་སུ་ཁྱིམ་ཚང་རེར་ཕྱེ་འབྲས་སྣུམ་གསུམ་གྱི་བརྩེ་སེམས་འབུལ་བའི་བྱེད་སྒོ་སྤེལ། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱས་པའི་འཕེལ་རྒྱས་ཀྱི་དན་རྟགས་ཤིག་ཡིན་ལ་དབུལ་ཐར་འགག་སྒྲོལ་སྲ་བརྟན་དུ་གཏོང་བའི་རོགས་དན་ཞིག་ཀྱང་རེད།   
图片
དེ་དང་ཆབས་ཅིག ཏང་གི་སྔར་མེད་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་ནས་མ་འོངས་བའི་སྲོལ་རྒྱུན་རིག་གནས་འཕེལ་འགྱུར་གྱི་ལམ་ཁ་རྒྱ་ཆེར་གཏོང་བའི་སྨོན་འདུན་དང་བསྡོངས་ཏེ། ཕྱོགས་ཡོངས་ནས་སྲོལ་རྒྱུན་རིག་གནས་དང་མང་ཚོགས་ཀྱི་བར་ཐག་སྔར་ལས་ཉེ་རུ་གཏོང་བའི་ལས་ལ་འབད་འབུངས་བྱ་རྒྱུ་རེད། 
图片