ཡུལ་ཤུལ་གྱི་རྐང་རྩེད་སྤོ་ལོའི་རུ་ཁག་ཕྱི་རྒྱལ་དུ་བསྐྱོད་རྒྱུ་རེད།
发布时间:2024年02月07日 消息来源:

            རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ2པའི་ཚེས10ཉིན། ནེ་པ་ལར་གཉེར་བའི་ཀྲུང་གོའི་ལོ་གསར་རྟེན་འབྲེལ་གྱི་མུ་འབྲེལ་བྱེད་སྒོའི་ནང་དོན་གལ་ཆེན་གྱི་གྲས་ཤིག་ཡིན་པའི“ལོ་གསར་རྟེན་འབྲེལ་བུམ་པའི”ཀྲུང་ནེའི་མཛའ་གྲོགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཀ་ཏ་མན་རྡུར་གཉེར་རྒྱུ་ཡིན་པ་དང་། ཐེངས་འདིའི་འགྲན་བསྡུར་ནང་མཚོ་སྔོན་ཡུལ་ཤུལ་གྱི་གཞོན་ནུ་རྐང་རྩེད་སྤོ་ལོའི་རུ་ཁག་གིས་ནེ་པ་ལའི་གཞོན་ནུ་རྐང་རྩེད་སྤོ་ལོའི་རུ་ཁག་དང་འགྲན་བསྡུར་བྱ་རྒྱུ་ཡིན་ལ། ཀྲུང་ནེ་རྒྱལ་ཁབ་གཉིས་དབར་གྱི་རིག་གནས་ལུས་རྩལ་མཉམ་འདྲེས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུ་རེད།



ཐེངས་འདིའི“ལོ་གསར་རྟེན་འབྲེལ་བུམ་པའི”ཀྲུང་ནེའི་མཛའ་གྲོགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཞུགས་པའི་སྤོ་ལོ་རྒྱག་མཁན16ཚང་མ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་བདམས་པའི་ཕུལ་བྱུང་གཞོན་ནུ་རྐང་རྩེད་སྤོ་ལོའི་ལུས་རྩལ་པ་ཤ་སྟག་རེད། འདི་ཡང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་རྐང་རྩེད་སྤོ་ལོའི་རུ་ཁག་ཐེངས་དང་པོར་ཕྱི་རྒྱལ་དུ་བསྐྱོད་ནས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་ཞུགས་པ་ཞིག་ཡིན། མ་གཞི་དེ་མཛའ་བརྩེའི་འགྲན་བསྡུར་ཙམ་ཡིན་མོད། འོན་ཀྱང་ཡུལ་ཤུལ་ཁུལ་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་ངོས་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་ཡོད། སྤོ་ལོ་རྒྱག་མཁན་ཚོས་ཐེངས་འདིར་ང་ཚོ་ཕ་ཡུལ་གྱི་ཚབ་བྱས་ནས་འགྲན་བསྡུར་ལ་ཞུགས་ཐུབ་པར་སྤོབས་སེམས་དང་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་ལ། འགྲན་བསྡུར་ཁྲོད་ཡུལ་ཤུལ་ལ་གཟི་བརྗིད་བརྩོན་ལེན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

ཀྲུང་གོ་དང་ནེ་པ་ལ་ནི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་དབར་གྱི་མཛའ་གྲོགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་བཙུགས་པ་ནས་བཟུང་། ཀྲུང་ནེའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ཉིན་རེ་བཞིན་དམ་ཟབ་ཏུ་འགྲོ་བཞིན་ཡོད་པས། རྒྱལ་ཁབ་གཉིས་པོའི་མི་དམངས་བར་གྱི་མཛའ་མཐུན་དང་ཤེས་རྟོགས་ཇེ་ཟབ་ཏུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ཐེངས་འདིའི་མཛའ་གྲོགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཉེར་བ་དེ་ནི་ཀྲུང་ནེའི་མཛའ་གྲོགས་མི་སེམས་ལ་གཏིང་ཟབ་ཟུག་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་དང་། རིག་གནས་ལུས་རྩལ་མཉམ་འདྲེས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ཡིན་ལ། དེ་བས་ཀྱང་ཀྲུང་ནེའི་མཛའ་གྲོགས་ཀྱི་དཔང་པོ་ཞིག་ཡིན།