རྐང་ཚ་རྫོང་གིས་རྩ་ཆེའི་བོད་སྨན་གྱི་སྨན་རྫས་རིགས8བཟོས་པ།
发布时间:2024年02月08日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

བོད་ལུགས་གསོ་རིག་གི་བྱ་གཞག་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་དང་བོད་ལུགས་གསོ་རིག་གི་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོར་འདེགས། བོད་ལུགས་གསོ་རིག་གིས་མང་ཚོགས་ཀྱི་བདེ་ཐང་ཞབས་ཞུའི་དགོས་མཁོ་ཉེ་བར་བསྐང་བ་བཅས་ཀྱི་ཆེད་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་བོད་སྨན་ཁང་གི་སྨན་སྦྱོར་སྡེ་ཁག་གིས་ལོ་ཕྱེད་ཙམ་གྱི་རིང་ལ་སྨན་རྒྱུ་གྲབས་གསོག་དང་ལས་སྣོན་བཅས་བྱས་ནས། ད་ལོའི་ཟླ2པའི་ཚེས1ཉིན་སྨན་རྫས་རྩ་ཆེའི་རིགས8བཟོས་པ་རེད།

རྩ་ཆེའི་བོད་སྨན་གྱི་ལས་སྣོན་སྨན་རྫས་རིགས8པོ་དེ་དག་ནི་མུ་ཏིག་བདུན་ཅུ་དང་། གཡུ་སྙིང་ཉེར་ལྔ། བྱུ་དམར་ཉེར་ལྔ། མང་སྦྱོར་ཆེན་མོ། རིན་ཆེན་གྲང་སྦྱོར། དབང་རིལ་ཉེར་ལྔ། མུ་ཏིག་ཉེར་ལྔ། བཙོ་ཟླ་བཅས་ཡིན་ལ། མིག་སྔར་ཐོན་སྐྱེད་བཟོ་རྩལ་གྱི་བརྒྱུད་རིམ་ཚང་མ་ལེགས་པར་གྲུབ་པ་དང་འབྲེལ་ལག་ལེན་བྱ་རྒྱུ་ཡིན་པ་རེད།

བོད་སྨན་སྦྱོར་རྟ་ནི་བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཀྱི་ཁྱད་ཆོས་ཡིན་ལ་རྨང་རྡོ་ལྟ་བུ་ཡང་ཡིན། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ལྷོད་མེད་བྱས་པ་དང་བསྟུན་ནས། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་བོད་སྨན་སྦྱོར་རྟ་བྱེད་པའི་གནས་བབ་དང་ནུས་པ་སྔར་ལས་མངོན་གསལ་དུ་ཕྱིན་ཡོད། ཐེངས་འདིའི་རྩ་ཆེའི་བོད་སྨན་གྱི་སྨན་རྫས་ཐོན་སྐྱེད་བྱས་པ་དེས་རྐང་ཚ་རྫོང་བོད་སྨན་ཁང་གི་ནད་ཐོག་སྨན་བཅོས་ཀྱི་སྨན་སྤྱོད་ཁྱབ་ཁོངས་སྔར་ལས་རྒྱ་ཇེ་ཆེ་དང་། རིམས་ནད་དབྱེ་འབྱེད་ར་སྤྲོད་དང་ནད་ཐོག་སྨན་བཅོས་ཀྱི་སྨན་བཅོས་ནུས་པ་ཇེ་ཆེར་འགྲོ་བར་དགེ་མཚན་ལྡན། དེ་དང་ཆབས་ཅིག་ཏུ། རྩ་ཆེའི་བོད་སྨན་གྱི་ལས་སྣོན་སྨན་རྫས་མེད་པ་ནས་ཡོད་པ་དང་ཡོད་པ་ནས་སྣ་ཁ་བལྟོས་བཅས་ཀྱིས་ཆ་ཚང་བའི་བར་གྱི་ལོ་རྒྱུས་ཀྱང་མངོན་ཡོད། 

རྐང་ཚ་རྫོང་སྨན་རྩིས་ཁང་གིས་སྨན་བཅོས་ཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། རྩ་ཆེའི་བོད་སྨན་གྱི་ཁྱད་ཡོན་མུ་མཐུད་དུ་འདོན་སྤེལ་དང་ཁྱད་ལྡན་སྨན་རྫས་ཞིབ་འཇུག་གསར་གཏོད། ཁྱད་ལྡན་ལེགས་ཆ་འདོན་སྤེལ། ཞབས་ཞུའི་སྤུས་ཚད་དང་ཕན་ནུས་བཅས་ཆེ་རུ་བཏང་བ། བོད་ལུགས་གསོ་རིག་གི་རྩ་ཆེའི་རྒྱུ་ནོར་རྒྱུན་འཛིན་ཡག་པོ་དང་འཕེལ་རྒྱས་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱས་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་བྱུང་བའི་ཕན་པ་མཉམ་སྤྱོད་བྱེད་དུ་འཇུག་རྒྱུ་རེད།