རྐང་ཚ་རྫོང་གི༢༠༢༤ལོའི་ལྒང་ཞུའི་དུས་ཆེན་གྱི་མུ་འབྲེལ་བྱེད་སྒོ།
发布时间:2024年02月26日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད།
ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས།
བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
སྲོལ་རྒྱུན་རིག་གནས་རོལ་མྱོང་བྱེད།། བདེ་སྐྱིད་འཚོ་བའི་རི་མོ་འབྲི།། སྤྱི་ཟླ2པའི་ཚེས24ཉིན་ཏེ་ལུགས་རྙིང་གི་ཟླ1པོའི་ཚེས15ཉིན་ཚང་མས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་དགའ་བས་གླུ་དང་སྐྱིད་པའི་གར་འཁྲབ་སྟེ་རྒྱ་ལོ་ཚེས་པ་བཅོ་ལྔའི་དུས་ཆེན་རོལ། བཀྲ་ཤིས་པའི་འཁྲབ་སྟོན་སྣ་ཚོགས་ཀྱིས་ལོ་གསར་བའི་རྣམ་པ་མངོན་པར་བྱས་ཤིང་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི“མིག་དབང”ཚིམ་པར་བྱས་པས། ཚང་མས་ལག་འཕྲིན་མཐོ་རུ་བཀྱགས་ཏེ་ངོ་མཚར་གྱི་སྐད་ཅིག་མ་དེ་བརྙན་མིག་ཏུ་བསྒྲོན་པར་བྲེལ་ལ། ཡུལ་དངོས་ཀྱི་དགའ་བསུའི་དགོད་སྒྲ་དང་ཐལ་མོའི་རྡེབ་སྒྲ་ནི་གཡུ་འབྲུག་སྔོན་མོའི་ཟོལ་གྱིས་ལྡིར།




































