སྟག་ལྷ་དང་ཞུང་ཡོན་གྱིས་རྫོང་ཁོངས་ཀྱི་སྡོད་ཁང་རྙིང་བའི་ས་ཁུལ་གཞུང་སྡུད་དང་བཤིག་སྤོར།ཁམས་གསོ་ལྟེ་གནས་འཛུགས་སྐྲུན་བཅས་ཀྱི་བྱ་བར་ལྟ་སྐུལ་དང་དཔྱད་ཞིབ་གནང་།
发布时间:2024年03月01日 消息来源:

    རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྫོང་སྲིད་གཞུང་གཞུང་ལས་ཁང་། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

   ཟླ2པའི་ཚེས27ཉིན།རྫོང་ཨུའི་ཧྲུའུ་ཅི་གཞོན་པ།རྫོང་དཔོན་སྟག་ལྷ་དང་རྫོང་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གཞོན་པ།ནོར་སྲིད་ཅུའི་ཅུ་ཀྲང་ཞུང་ཡོན་གྱིས་སྡོད་ཁང་རྙིང་བའི་ས་ཁུལ་གཞུང་སྡུད་དང་བཤིག་སྤོར།ཁམས་གསོ་ལྟེ་གནས་འཛུགས་སྐྲུན་བཅས་ཀྱི་བྱ་བར་ལྟ་སྐུལ་དང་དཔྱད་ཞིབ་གནང་།འོམ་ཆུ་གྲོང་རྡལ་དང་རྫོང་འཕེལ་བཅོས་ཅུ།སྡོད་ཁང་འཛུགས་སྐྲུན་ཅུ།དམངས་སྲིད་ཅུ།རང་བྱུང་ཐོན་ཁུངས་ཅུ།གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་སྤྱི་གཉེར་ཁང་།གཞུང་སྡུད་གཞུང་ལས་ཁང་སོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་དག་ཞུགས་ཡོད།

图片

图片

图片

 སྟག་ལྷ་འཁོར་དང་བཅས་པ་མཁར་བྱང་ས་ཁུལ་དང་འབྲུ་རིགས་ཅུ།ཞིབ་དཔྱོད་ཁང་།བྱིས་སློབ་ཁང་རྙིང་བའི་ས་ཁུལ་དུ་བསྐྱོད་དེ་གཞིས་ཁུལ་རྙིང་བ་གཞུང་སྡུད་དང་ཁང་སའི་བདག་ཁོངས་རྣམ་གྲངས་འཆར་འགོད་འཛུགས་སྐྲུན་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་ལྟ་ཞིབ་དང་རྒྱུས་ལོན་བྱས་ནས།འབྲེལ་ཡོད་སྡེ་ཁག་གི་རྣམ་གྲངས་འཆར་འགོད་དང་བསྒྱུར་བཀོད་ཇུས་འགོད་ཇུས་གཞི།མ་དངུལ་གྲབས་གསོགཆ་བསྒྲིགས་རྨང་གཞིའི་སྒྲིག་བཀོད་ཇུས་འགོད་སོགས་ཀྱི་གནས་ཚུལ་སྙན་ཞུར་ཉན་པ་མ་ཟད།སྟག་ལྷ་དང་ཞུང་ཡོན་གྱིས་སྡོད་ཁང་རྙིང་བའི་ས་ཁུལ་སྒྱུར་བཀོད་ནི་གྲོང་ཁྱེར་གསར་སྒྱུར་ཇེ་མགྱོགས་སུ་གཏོང་བ་དང་གཞིས་ཁུལ་རྙིང་བའི་མང་ཚོགས་ལ་ཐད་ཀར་ཕན་པ་ཐོབ་པའི་དམངས་ཚིས་ལས་གཞི་གལ་ཆེན་ཞིག་ཡིན་པས། ངེས་པར་དུས་དང་རྣམ་པ་ཀུན་ཏུ་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་བསྐྱངས་ཏེ་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་དཀའ་ངལ་ཆེ་ཞིང་རེ་བ་བྱེད་པའི་བྱ་བ་གལ་ཆེན་པོ་ཐག་གཅོད་བྱ་དགོས།སྡོད་ཁང་འཛུགས་སྐྲུན་ཅུ་དང་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་སྤྱི་གཉེར་ཁང་།རང་བྱུང་ཐོན་ཁུངས་ཅུ་སོགས་སྡེ་ཁག་གིས་རྐང་ཚའི་ལོ་རྒྱུས་ཕྱིར་རྟོག་ལ་འོས་འཚམ་གྱིས་གསོག་ཉར་བྱས་ཏེ།དེ་སྔའི་རྫོང་སྲིད་གཞུང་གི་ཚོགས་ཁང་དང་རྫོང་གི་ལོ་རྒྱུས་རིག་གནས་ཁང་།དེ་བཞིན་སོ་ཕག་གི་ཁང་བའི་རྣམ་པ་སོར་བཞག་གི་རྨང་གཞིའི་སྟེང་ནས་མང་ཚོགས་ཀྱི་རེ་བ་དང་དམངས་འཚོའི་དགོས་མཁོར་དམིགས་ནས།ས་ཆའི་ཐོན་ཁུངས་བཀོད་སྒྲིག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་འཛུགས་སྐྲུན་ས་གནས་ལུགས་མཐུན་གྱིས་འཆར་འགོད་བྱས་ཏེ།སྤུས་ཚད་མཐོ་བའི་མཁར་བྱང་གི་ཡུལ་སྐོར་གྲོང་ཚོ་དང་མཚོ་འགྲམ་ཨང་རྟགས་དང་པོ་སོགས་ཁང་སའི་བདག་ཁོངས་གསར་སྤེལ་གྱི་རྣམ་གྲངས་གསར་བསྐྲུན་བྱ་དགོས། ཆབས་ཅིག་ཏུ་རྫོང་འཕེལ་བཅོས་ཅུ་དང་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་སྤྱི་གཉེར་སྡེ་ཁག་གིས་མཁར་ནུབ་ས་ཁུལ་གྱི་ལས་གཏོད་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཆ་འདེམས་པ་དང་རླངས་འཁོར་བསྒྱུར་བཀོད་རིམ་སྤོར་རྣམ་གྲངས་ཚན་རིག་དང་མཐུན་པའི་སྒོས་འཆར་འགོད་བྱས་ཏེ།རྫོང་ཨུའི་ཏང་གི་སློབ་གྲྭ་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ་སྔོན་ཉར་དང་རང་འགུལ་ངང་གནས་འཕར།སྔོན་ལ་འཆར་འགོད།འབྲེལ་ཡོད་འཆར་གཞིའི་ཇུས་གཞི་བཟོ་བ་བཅས་བྱ་དགོས་པ་ནན་གྱིས་བསྟན། 图片

图片

图片

  སྟག་ལྷ་འཁོར་དང་བཅས་པས་རོགས་རེས་བདེ་སྐྱིད་གླིང་གི་ཡུལ་དངོས་སུ་ཉེ་འཁོར་གྱི་རང་བྱུང་མཛེས་ལྗོངས་དང་ཁང་བ་ཆགས་ཚུལ།དུད་ཁྱིམ་གྲུབ་ཚུལ།དྲོད་རླངས་དང་ཆུ་འདོན་སོགས་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ།ནོར་སྲིད་ཅུ་དང་དམངས་སྲིད་ཅུ་སོགས་འབྲེལ་ཡོད་སྡེ་ཁག་གི་ཁམས་གསོ་ལྟེ་གནས་འཛུགས་སྐྲུན་གྱི་གནས་ཚུལ་གྱི་སྙན་ཞུར་ཉན་པ་མ་ཟད། སྟག་ལྷ་དང་ཞུང་ཡོན་གྱིསརྒས་དུས་གཉོར་སྐྱོང་ཡོད་པནི་རྒན་པ་ཚང་མའི་བསམ་འདུན་ཡིན་ལ། རྒན་གསོ་ཞབས་ཞུའི་མ་ལག་ཀྱང་མི་འབོར་བགྲེས་སོང་ཅན་དུ་འགྱུར་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་མ་ལག་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་པས།ངེས་པར་དམངས་ཚིས་ལས་གཞི་དེ་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་བཟུང་ནས་ལག་བསྟར་བྱ་དགོས། འཕེལ་བཅོས་ཅུ་དང་དམངས་སྲིད་ཅུ་སོགས་སྡེ་ཁག་གིས་སྔ་ཙམ་ནས་འགོ་ཚུགས་ཏེ།ཚན་རིག་དང་མཐུན་པའི་འཆར་འགོད་དང་འོམ་འཚམ་གྱིས་བཀོད་སྒྲིག་བྱས་ནས་ཉེ་འཁོར་གྱི་རང་བྱུང་གི་མཛེས་ལྗོངས་ལ་ལྟ་རྟོག་བྱས་ཏེ།ཁམས་གསོ་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ཀྱི་ཇུས་གཞི་བཟོ་བ་སོགས་ཀྱི་དུས་མགོའི་བྱ་བ་སྤེལ་ནས།རྒས་དུས་གཉོར་སྐྱོང་དང་རྟེན་ས།སྤྲོ་སྐྱིད་བཅས་ཡོད་པའི་ཐད་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་དང་གྲུབ་འབྲས་གསར་བ་ལེན་དགོས་པ་ནན་གྱིས་བསྟན།