ཁྲིམས་འགལ་ངང་ལོ་ན་མ་སོན་པའི་མི་ལས་མིར་བསྐོ་བའི་ཐད་ཞིབ་བཤེར་བྱས།
发布时间:2024年03月05日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད།ཡོངས་ཁུངས། རྐང་ཚ་རྫོང་སྲིད་གཞུང་གཞུང་ལས་ཁང་། རྫོང་ཕྱོགས་བསྡུས་སྲིད་འཛིན་ལག་བསྟར་ཅུ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

   རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུ་ཡིས་ཁྲིམས་འགལ་ངང་ལོ་ན་མ་སོན་པའི་མི་ལས་མིར་བསྐོ་བའི་ཐད་ཆེད་དོན་ཞིབ་བཤེར་བྱས།

     ཉེ་ལམ།རྐང་ཚ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུ་ཡིས་ཁོངས་གཏོགས་ས་ཁུལ་གྱིKTVདང་ནང་མ་ཁང་སོགས་རིག་གནས་རོལ་རྩེད་བྱ་ཡུལ་དུ་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བྱས་ནས་སྒྲིག་འགལ་ངང་ན་ལོ་ན་མ་སོན་པའི་མི་ལས་མིར་བསྡུ་ལེན་དང་གནད་ཞུ་བྱེད་པར་གཅིག་སྡུད་ཐོག་གྲལ་བཤེར་བྱས།  

图片

图片

   ཞིབ་བཤེར་བྱས་རིང་ལ། རོལ་རྩེད་བྱ་ཡུལ་དུ་ལོ་ན་མ་སོན་པའི་མི་ལས་མིར་བསྡུ་ལེན་བྱས་པ་དང་། ལོ་ན་མ་སོན་པའི་མི་གདན་ཞུ་བྱས་ཡོད་མེད།  ལོ་ན་མ་སོན་པའི་མི་འགྲོ་འོང་བྱེད་མི་ཆོག་པའི་ཁོར་ཡུག་ཏུ་བཀག་སྡོམ་མཚོན་རྟགས་བཀོད་སྒྲིག་བྱས་ཡོད་མེད་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་འཛིན་མི་སྣས་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་མ་ཟད། གཉེར་སྐྱོང་པར་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་ན་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམསདངཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་ན་མ་སོན་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམསསོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་གཉེར་སྐྱོང་བྱེད་པར་སྐུལ་མ་བཏང་སྟེ་གཉེར་སྐྱོང་མཁན་ལ་བདེ་འཇགས་ངང་གཉེར་སྐྱོང་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་ལོ་ན་མ་སོན་པའི་མི་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་འགན་འཁྲི་ཏན་ཏིག་ངང་འཁུར་དགོས་པ་བསྟན།

图片

图片

  ཐེངས་འདིའི་མཉམ་འབྲེལ་ཁྲིམས་འཛིན་ལས་འགུལ་ནང་ཁྱོན་ཁྲིམས་འཛིན་མི་སྣ7མངགས་ཏེ་རྫོང་དང་གྲོང་རྡལ་གྱི་རོལ་རྩེད་ཁང5ལ་སྐབས་བསྟུན་ཟུར་བཤེར་བྱས་ཏེ་སྒྲིག་འགལ་ངང་ལས་མི་བེད་སྤྱོད་བྱེད་པའི་བྱ་སྤྱོད་ཐོན་མེད་པ་གཏན་བཅད། ཐེངས་རྗེས་མར་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུ་ཡིས་རྒྱུན་གཏན་གྱི་སྐོར་ཞིབ་དང་གཅིག་སྡུད་ཀྱིས་བཅོས་སྒྲིག་བྱེད་པ་ཟུང་འབྲེལ་གྱི་བྱེད་ཐབས་མཐའ་འཁྱོངས་བྱས་ནས་སྒྲིག་འགལ་ངང་ལོ་ན་མ་སོན་པའི་མི་ལས་མིར་བསྡུ་ལེན་དང་གདན་ཞུ་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏང་རྒྱུ་དང་། དུས་མཚུངས་སུ་ལོ་ན་མ་སོན་པའི་མིའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ནས་རོལ་རྩེད་བྱ་ཡུལ་གཉེར་སྐྱོང་གཙོ་གཟུགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ལོ་ན་མ་སོན་པའི་མི་སྲུང་སྐྱོང་བྱེད་པའི་འདུ་ཤེས་རྒྱུད་ལ་དམ་པོར་དམིགས་ནས་ངལ་རྩོལ་ལས་མི་ཚད་ལྡན་ངང་བེད་སྤྱོད་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས“ལོ་ན་མ་སོན་པའི་མི་རོལ་རྩེད་བྱ་ཡུལ་དུ་འགྲོ་འོང་བྱེད་པར་གཏན་འགོག་བྱེད་པའི”ཚད་ཐིག་བཙུགས་ནས་ལོ་ན་མ་སོན་པའི་མིའི་ཁེ་དབང་ལ་འགན་ལེན་ཏན་ཏིག་བྱས་ཏེ།ལོ་ན་མ་སོན་པའི་མི་སྲུང་སྐྱོང་བྱ་བའི་ཐད་མཉམ་འཛིན་མཉམ་གཅུན་གྱིས་དོ་དམ་བྱེད་པའི་ལམ་སྲོལ་ཞིག་ཆགས་པ་བྱ་དགོས།