རྐང་ཚ་རྫོང་གིས་སློབ་གསོ་བཅོས་སྒྱུར་ལ་གསོན་ཤུགས་བསྩལ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། ནུབ་མཚོ་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་ལ།རྐང་ཚ་རྫོང་གིས་གནད་དོན་ཁྲིད་ཕྱོགས་སུ་བཟུང་སྟེ་གནད་དོན་གྱི་དཀའ་གནད་སེལ་བ་དང་། སློབ་གསོའི་སྙི་ཆས་དང་སྲ་ཆས་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱེད་པ། སློབ་གསོ་བཅོས་སྒྱུར་ལ་གསོན་ཤུགས་བསྩལ་བ།མི་དམངས་ཀྱི་ཡིད་ཚིམ་པའི་སློབ་གསོ་གཉེར་བ་བཅས་བྱས་ནས།མི་དམངས་མང་ཚོགས་ཀྱིས་སློབ་གསོའི་ལས་དོན་འཕེལ་རྒྱས་ལ་བཅངས་པའི་རེ་སྒུག་གསར་པ་རྒྱུན་ཆད་མེད་པར་སྐོང་ཐབས་བྱས་ཡོད།
རྫོང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོར་མ་དངུལ་གཏོང་རྒྱུ་དེ་དམངས་ཚིས་ལས་གཞི་དང་པོར་བརྩིས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་དང་འཕེལ་རྒྱས་ཀྱི་འཆར་འགོད།ཐོན་ཁུངས་དོ་སྙོམས་སོགས་ཀྱི་ཐད་ནས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད། ཉེ་བའི་ལོ་གསུམ་རིང་བསགས་རྩིས་བྱས་ན་སློབ་གསོར་མ་དངུལ་སྒོར་དུང་ཕྱུར6.4བཏང་བའི་ནང་རྫོང་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི6274བཏང་ཡོད། ཆ་རྐྱེན་ལེགས་བཅོས་དང་འདོན་སྤྲོད་རྒྱ་བསྐྱེད།སྤུས་འདེགས་འཕེལ་རྒྱས།ཤེས་ལྡན་གསོ་སྐྱོང་།ཐོན་ཁུངས་ཚུར་འདྲེན་སོགས་ཀྱི་ཐད་ལ་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི8700ལྷག་བཏང་བ་དང་།བྱིས་སློབ་ཁང10གསར་བསྐྲུན་དང་བཅོས་བསྐྲུན།རྒྱས་བསྐྲུན་བྱས་པས་བྱིས་སློབ་ཁང་གི་སྙི་ཆས་དང་སྲ་ཆས་འཛུགས་སྐྱོང་ཇེ་ལེགས་སུ་བཏང་སྟེ།ཡུལ་གྲོང་ལྟེ་གནས་དཔེ་སྟོན་གླིང་དང་སྡེ་ཆེན་ཁེར་ཚུགས་གླིང་།སྡེ་ཆུང་མཉམ་འབྲེལ་གླིང་བཅས་ཀྱི་སློབ་སྔོན་སློབ་གསོའི་རྣམ་པ་ཞིག་ཆགས་ཡོད།
དེ་དང་ཆབས་ཅིག་སྒོར་ཁྲི700ཡི་སློབ་གསོ་འཕེལ་རྒྱས་ཐེབས་རྩ་བཙུགས་ཏེ་དགེ་རྒན48དང་སློབ་སྔོན་སློབ་གསོའི་བྱིས་སྐྱོང་པ18གནས་སྐབས་གདན་འདྲེན་ཞུས་ནས་ཁ་གསབ་བྱས་པས།སློབ་སྔོན་སློབ་གསོའི“དགེ་རྒན་གཉིས་དང་བྱིས་སྐྱོང་པ་གཅིག”ཕྱོགས་ཡོངས་ནས་ཚད་ལོངས་པ་དང་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་གྲུབ་ཚུལ་རང་བཞིན་གྱི་སྒྲིག་ཁོངས་མི་འདང་བའི་གནད་དོན་ཐག་གཅོད་བྱས། བྱས་འབྲས་དཔྱད་བཤེར་ལག་བསྟར་བྱས་ཏེ་སློབ་གཙོའི་སློབ་གཉེར་གྱི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་གཏོང་བ་དང་དང་དགེ་རྒན་གསོ་སྐྱོང་གི་ཧུར་བརྩོན་རང་བཞིན་ལ་སྐུལ་སྤེལ་བྱེད་པ།སློབ་མའི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཆ་རྐྱེན་བསྐྲུན་པ་དང་།སློབ་སྦྱོང་བསྡུར་རེས་དང་རོགས་རམ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པས་སློབ་གྲྭ་འཕེལ་རྒྱས་ཀྱི་གསོན་ཤུགས་བསྩལ་ཡོད།
2023ལོར་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང(བྱིས་སློབ་ཁང)གི་སྤྱི་བཀོལ་གྲོན་དངུལ་སྒོར་ཁྲི943.93དང་འཚོ་བའི་ཁ་གསབ་མ་དངུལ་སྒོར་ཁྲི792.04125དང་སློབ་གྲྭ་ཆུང་འབྲིང་གི་འཚོ་བཅུད་ལེགས་གཏོང་འཆར་གཞིའི་མ་དངུལ་སྒོར་ཁྲི581.6བཅས་དོན་འཁྱོལ་བྱས་ཡོད། གཙང་གསུམ་འབྱུང་ཡུལ་གྱི་བྱ་དགའི་ཁ་གསབ་དང་ཙུ་ཧེས་འཆར་གཞི།ཆར་རྡུལ་འཆར་གཞི་སོགས་རིགས་མི་འདྲ་བའི་མ་དངུལ་སྒོར་ཁྲི953.42བྱིན་ནས་སློབ་མ་མི་ཐེངས2056ལ་ཕན་ཁེ་ཐོབ་པ་དང་།སློབ་ཆེན་སློབ་མ315ལ་སློབ་ཁུངས་ས་ཆའི་སློབ་སྐྱོར་བུན་དངུལ་སྒོར་ཁྲི303.23བསྐྱིས་ནས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར“ལོངས་སྤྱོད་དང་རོགས་རམ་བྱེད་དགོས་རིགས་ཚང་མ”འགན་ལེན་བྱས་ཡོད།