རྐང་ཚ་རྫོང་གིས་ཕྱོགས་ཡོངས་ནས་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་མཐོར་འདེགས་སུ་བཏང་།
发布时间:2024年03月14日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

   2023ལོ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཕྱོགས་ཡོངས་ནསལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བྱ་བའི་སྲོལ་ཡིགདོན་འཁྱོལ་བྱས་ནས།དགོས་མཁོ་ཆེ་བ་དང་སྤྱོད་གོ་ཆོད་པ།ཕན་འབྲས་ཐོན་པབཅས་བརྒྱུད་དེ་ལས་བྱེད་པའི་དཔུང་སྡེའི་གཞི་སྤུས་དང་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་བས་རྫོང་ཡོངས་ཀྱི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།

   དགོས་མཁོ་ཆེ་བ་དེའཚེམ་ཁབཏུ་བརྩིས་ནས་གསོ་སྦྱོང་གི་ནང་དོན་གནད་ལ་འཁེལ་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞིཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས།ཁྲིད་ཚན་སྤུས་ལེགས་ཁག་གསུམ་གསར་དུ་བཏོད་དེ་ཞིང་ཆེན་དང་ཁུལ་གྱི་ཆེད་མཁས་དགེ་རྒན་ཆེན་མོ10རྐང་ཚ་རུ་གདན་དྲངས་ནས་འཆད་ཁྲིད་བྱས་པ་དང་ལས་བྱེད་པ30དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་དུ་སློབ་སྦྱོང་བྱེད་པར་བདམས་མངགས་བྱས་ཡོད། བདམས་མངགས་གསོ་སྦྱོང་བྱ་ཡུལ་གནད་དུ་འཁེལ་ཞིང་རྩ་འཛུགས་ཀྱི་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ནས།བསགས་རྩིས་བྱས་ན་རྩ་འཛུགས་སྡེ་ཁག་གི་གསོ་སྦྱོང་ཐེངས12ལ་མི25དང་ལས་སྒོ་གཙོ་གཉེར་སྡེ་ཁག་གི་གསོ་སྦྱོང་ཐེངས10ལ་མི32དང་ཁུལ་རིམ་པའི་གསོ་སྦྱོང་ཐེངས5ལ་མི20བཅས་ཞུགས་ཡོད།   

   སྤྱོད་གོ་ཆོད་པ་དེཁྲིད་སྐུདདུ་བརྩིས་ནས་གསོ་སྦྱོང་གི་རྣམ་པ་གསར་བ་འཛུགས་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སོགས་ཐེངས3ལ་གཉེར་ཞིང་།  ཁྱོན་བསྡོམས་མི300ལྷག་ཞུགས་ཡོད། ཞིང་ཆེན་དང་ཁུལ་ཨུའི་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་གདན་དྲངས་ཏེ་གྲོང་གསེབ་དར་སྤེལ་སོགས་ཀྱི་འཆད་ཁྲིད་བྱས་ཤིང་།བསགས་རྩིས་བྱས་ན་ཐེངས14ལ་སྒྲོག་འགྲེལ་བྱས་པར་མི329གསོ་སྦྱོང་ལ་ཞུགས་ཡོད། རྫོང་ཕྱིའི་ཏང་གི་སློབ་གྲྭར་མཉམ་འབྲེལ་བྱས་ནས་གསོ་སྦྱོང་འཛིན་གྲྭ་བསྡུས་ཤིང་།ཏང་གཤིས་སློབ་གསོ་ཐེངས52ལ་སྤེལ་བར་ཁྱོན་བསྡོམས་མི2068ཟིན་ཡོད། དྲ་བའི་གསོ་སྦྱོང་ཐེངས5ལ་སྤེལ་བར་མི1239ཞུགས་ཏེ་ཁའོ་རིམ་པའི་ལས་བྱེད་པའི་གསོ་སྦྱོང་གིས་ཁྱབ་ཚད100%ཟིན་ཡོད།

   ཕན་འབྲས་ཐོན་པ་དེམཐིལ་རསསུ་བརྩིས་ནས་གསོ་སྦྱོང་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས། སྒྲིག་འཛུགས་པ་དང་  ལྟ་སྐུལ་པ།འཛིན་བདགབཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་གྲལ་འབྲངས་ལམ་ལུགས་བཙུགས་ནསལས་བཤེར་དང་གྲལ་འབྲངསཀྱི་སློབ་མའི་དོ་དམ་བྱེད་སྟངས་སྤྱད་དེ།ནན་ཏན་སྒོསགསོ་སྦྱོང་སློབ་མའི་ཐོ་འགོད་རེའུ་མིགབྲིས་ནསསློབ་མའི་ཁས་ལེན་ཡི་གེཁག621ལ་མིང་རྟགས་བཀོད་པ་དང་།གསོ་སྦྱོང་སྒྲིག་ཁྲིམས་ཀྱི་དྲན་སྐུལ་ཚོགས་འདུ་ཐེངས12འཚོགས་ཏེ་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་ཚད་ལྡན་ཅན་དང་ཚན་རིག་ཅན།ནུས་ལྡན་ཅན་བཅས་ཀྱི་འཁོར་བསྐྱོད་ལ་སྐུལ་འདེད་བཏང་ཡོད།