གློག་རྡུལ་ཐ་མག་ཁྲོམ་ར་གཙང་བཤེར་དང་བཅོས་སྒྲིག་གི་ལས་དོན་སྤེལ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྫོང་སྤྱི་བདེ་ཅུ། བཤེར་འབེབས།
ཉེ་ལམ། གློག་རྡུལ་ཐ་མག་ལྟ་སྐུལ་དོ་དམ་གྱི་ཁྲིམས་བསྟར་མུ་མཐུད་དུ་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་། གློག་རྡུལ་ཐ་མག་ཁྲོམ་རའི་ཁོར་ཡུག་བཅོས་སྒྲིག་བྱེད་པ། གློག་རྡུལ་ཐ་མག་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་བཅས་བྱ་ཆེད། རྫོང་སྤྱི་བདེ་ཅུ་ནགས་ལས་ཉེན་རྟོག་རུ་ཆེན་དང་། རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ། རྫོང་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་གློག་རྡུལ་ཐ་མག་ཁྲོམ་ར་གཙང་བཤེར་དང་བཅོས་སྒྲིག་གི་ལས་དོན་སྤེལ།
མཉམ་འབྲེལ་གྱིས་བྱ་གཞག་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ།རྐང་ཚ་རྫོང་ཐ་མག་ཆེད་འཚོང་ཅུ་དང་། རྫོང་སྤྱི་བདེ་ཅུ་ནགས་ཚལ་ཉེན་རྟོག་རུ་ཆེན། རྫོང་མཁར་གྲོང་ལྟ་སྐུལ་ཅུ། རྫོང་མི་དམངས་ཞིབ་དཔྱོད་ཁང་། རྫོང་དངོས་ཟོག་སྐྱེལ་འདྲེན་ཀུང་ཟི་ཁག་བཅས་ཀྱིས་གློག་རྡུལ་ཐ་མག་གཙང་བཤེར་དང་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ཐད་མཉམ་འབྲེལ་ཚོགས་འདུ་འཚོགས་ནས《ཞིང་ཆེན་ཡོངས་ཀྱི་ཁོངས་གཏོགས་ཀྱི་གློག་རྡུལ་ཐ་མག་ཁྲོམ་ར་གཙང་བཤེར་དང་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ཇུས་གཞི》བརྒྱུད་སྒྲོག་དང་སློབ་སྦྱོང་ལག་བསྟར་བྱས་ཏེ། གློག་རྡུལ་ཐ་མག་ཁྲོམ་རའི་ལས་གཉེར་བྱེད་པའི་ཁོར་ཡུག་དང་། ཁྲིམས་འགལ་སྒྲིག་འགལ་གྱིས་གློག་རྡུལ་ཐ་མག་གི་ཐོན་རྫས་ཕྱིར་འཚོང་དང་སྐྱེལ་འདྲེན་བྱེད་པའི་བྱ་སྤྱོད་ཀྱི་ཁོངས་གཏོགས་ལ་དབྱེ་ཞིབ་དང་། རྩད་གཅོད་གཏོང་བ། གློག་རྡུལ་ཐ་མག་ཁྲོམ་ར་གཙང་བཤེར་དང་བཅོས་སྒྲིག་གི་མཉམ་འབྲེལ་ཞིབ་བཤེར་གྱི་བྱ་བའི་བཀོད་སྒྲིག་ཀྱང་བྱས་པ་མ་ཟད། ཐེངས་འདིའི་མཉམ་འབྲེལ་གྲོས་ཚོགས་གོ་སྐབས་སུ་བྱས་ཏེ་ཚོགས་ཞུགས་ཁྲིམས་བསྟར་ལས་ཁུངས་ཁག་དང་ནར་མ་སོན་པའི་མིའི་སྲུང་སྐྱོབ་མཉམ་ལས་ལམ་སྲོལ་བཟོ་རྒྱུའི་འབྲེལ་ཡོད་དོན་དག་ལ་གྲོས་མོལ་བྱས། མཉམ་འབྲེལ་ཞིབ་བཤེར་བྱེད་པ། མཉམ་འབྲེལ་ཞིབ་བཤེར་ཁྲོད་སློབ་གྲྭ་ཆུང་འབྲིང་དང་། བྱིས་སྐྱོང་ཁང་གི་ཉེ་འཁོར་གྱི་ཚོང་ཁང་དུ་གློག་རྡུལ་ཐ་མག་ལས་གཉེར་བྱེད་པའི་སྒྲིག་འགལ་གྱི་བྱ་སྤྱོད་ཡོད་མེད་དང་། ནར་མ་སོན་པའི་མིར་གློག་རྡུལ་ཐ་མག་ཕྱིར་འཚོང་བྱས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཡོད་མེད་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས། དེ་དང་ཆབས་ཅིག ཁོངས་གཏོགས་ཁུལ་གྱི་དངོས་ཟོག་སྐྱེལ་འདྲེན་ཀུང་ཟི་ཁག་དང་།ཕྱི་ཚོང་།རྐང་བགྲོད་ཀུང་ཟིའི་མི་སྒེར་རམ་ཁེ་ལས་ཀྱི་སྒྲིལ་ཐ་དང་། གློག་རྡུལ་ཐ་མག ཚབ་ཉོ། ཚབ་སྐྱེལ་བཅས་ཀྱི་སྒྲིག་འགལ་བྱ་སྤྱོད་ཡོད་མེད་ལ་གྲལ་བཤེར་གཏིང་ཟབ་བྱས་པ་རེད། དེར་མ་ཟད། ཡུལ་དངོས་སུ་དྲིལ་སྒྲོག་སློབ་གསོ་སྤེལ་ནས་ཁེ་ལས་ཀྱི་འགན་འཁྲི་སྔར་ལས་ནན་དུ་གཏོང་བ།མང་ཚོགས་ཀྱིས་ཐེར་འདོན་ཧུར་ཐག་བྱ་རྒྱུ་སྐུལ་མ་གཏོང་བ། རང་འགུལ་ངང་ནར་མ་སོན་པའི་མིས་གློག་རྡུལ་ཐ་མག་ཕྱིར་འཚོང་བྱེད་པའི་བྱ་སྤྱོད་ལ་བཀག་སྡོམ་དང་ཁ་ཏ་གནང་བ། སྤྱི་ཚོགས་ཡོངས་ཀྱིས་ནར་མ་སོན་པའི་མི་ལ་སྲུང་སྐྱོབ་བྱས་ཏེ། གློག་རྡུལ་ཐ་མག་གིས་བདེ་ཐང་ལ་གནོད་འཚེ་མི་གཏོང་བར་བླང་བྱ་བཏོན། མཚན་མོར་ཞིབ་བཤེར་བྱ་དགོས། མཚན་མོར་ཆང་ཁང་དང་། གླུ་གར་ཁང་། སྟེགས་གྲུག་ཁང་། གློག་རྡུལ་རྩལ་འགྲན་ཁང་སོགས་རོལ་རྩེད་བྱ་ཡུལ་གྱི་ཁོངས་གཏོགས་སུ་དུས་ཐོག་ཏུ་ཞིབ་བཤེར་བྱས་ཏེ། རོལ་རྩེད་བྱ་ཡུལ་གྱི་ཁོངས་གཏོགས་སུ་ལས་གཉེར་གྱི་ལག་རྟགས་མེད་པའི་སྒྲིལ་ཐ་དང་དེ་བཞིན་གློག་རྡུལ་ཐ་མག་གི་བྱ་སྤྱོད་ཡོད་མེད་དང་།“འོ་ཇའི་ཕོར་བ”དང་“ཁུ་ནག་” སོགས་རྒྱལ་ཁབ་ཀྱི་ཚད་གཞིའི་བསྡུས་མིང་མེད་པའི་གློག་རྡུལ་ཐ་མག་ཁྲིམས་འགལ་ངང་ཕྱིར་འཚོང་ཡོད་མེད། ཁྲིམས་འགལ་གྱི་དུག་རྫས་གསར་བའི་རིགས་ཕྱིར་འཚོང་ཡོད་མེད་བཅས་ལ་གཙོ་གནད་མཐིལ་རྟོགས་བྱས་ཏེ། ཉེན་ཁ་གང་ཡང་མེད་པ་དང་རྐྱེན་ངན་གཅིག་ཀྱང་མི་མངོན་པར་བྱ་དགོས།
རྫོང་སྤྱི་བདེ་ཅུ་ནགས་ཚལ་ཉེན་རྟོག་རུ་ཆེན་གྱིས་མཉམ་འབྲེལ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས་པ་དང་། མཉམ་སྒྲུབ་མཉམ་སྤྱོད་ཀྱི་འདུ་ཤེས་གཏིང་ཟབ་ཏུ་གཏོང་བ།གློག་རྡུལ་ཐ་མག་དང་འབྲེལ་བའི་ཁྲིམས་འགལ་ཁུངས་སྣེ་འཚོལ་བསྡུ་དང་།དབྱེ་ཞིབ།བེད་སྤྱོད་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ།གློག་རྡུལ་ཐ་མག་ཁྲིམས་འགལ་ངང་སྐྱེལ་འདྲེན་དང་ཕྱིར་འཚོང་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་གཏིང་ཟབ་གཏོང་བ།ནར་མ་སོན་པའི་མི་ལ་བདེ་ཐང་གི་འཚར་ལོངས་ཡོང་རྒྱུར་ནུས་ཤུགས་ཆེན་པོས་ལྟ་སྐྱོང་བཅས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ཚོང་རའི་སྒྲིག་ལམ་ལ་ནུས་པ་གང་ཡོད་ཀྱིས་སྲུང་སྐྱོབ་བྱ་དགོས།