ཡུན་ནན་ལིན་ཚང་གི་ནགས་ཚལ་མེ་སྐྱོན་གྱི་གནོད་འཚེའི་གནས་ཚུལ་ཁྱབ་བརྡ་བཏང་།
发布时间:2024年03月18日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཡུན་ནན་ལིན་ཚང་གི་ནགས་ཚལ་མེ་སྐྱོན་གྱི་ཁྱབ་བརྡ། མེ་ཟོན་མི་སྣ3གྱིས་རང་སྲོག་ཤོར་བ་དང་མི1ལ་རྨས་སྐྱོན་ཕོག
ཡུན་ནན་ཞིང་ཆེན་ལིན་ཚང་གྲོང་ཁྱེར་ལིན་ཞང་ཆུས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཚེས17ཉིན་ཁྱབ་བརྡ་བཏང་སྟེ། ཟླ3པའི་ཚེས16ཉིན་གྱི་ཆུ་ཚོད18དང་སྐར་མ10ཡི་སྟེང་། ལིན་ཞང་ཆུས་ཆོན་ནེ་ཡུལ་ཚོ་ཏོའུ་ཀོ་སྡེ་བར་ནགས་ཚལ་མེ་སྐྱོན་བྱུང་བ་དང་མེ་ཤོར་བའི་རྒྱ་ཁྱོན་སྤྱི་ཆིང5.33ཙམ་ཟིན་ཡོད་པ་རེད། གྲོང་ཁྱེར་དང་ཆུས་ཀྱིས་མི་སྣ་སྒྲིག་འཛུགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་མེ་བསད་པ་བརྒྱུད་ཚེས16ཉིན་གྱི་ཆུ་ཚོད23ཙམ་ལ་ཡུལ་དངོས་ཀྱི་མེ་སོད་ཡོད་པ་རེད། མེ་གསོད་སྲོག་སྐྱོབ་བྱེད་པའི་བརྒྱུད་རིམ་ནང་མེ་ཟོན་མི་སྣ3གྱིས་རང་སྲོག་ཤོར་བ་དང་མི1ལ་རྨས་སྐྱོན་ཕོག་ནས་མིག་སྔར་སྨན་བཅོས་དང་ལེན་བྱེད་བཞིན་ཡོད།
ཁྱབ་བརྡ་བཏང་བར་གཞིགས་ན། མིག་སྔར་ལིན་ཞང་ཆུས་ཀྱིས་མེ་ཤོར་སར་ལྟ་སྐུལ་ཚོད་འཛིན་ནན་མོ་བྱས་ཏེ་ཡང་བསྐྱར་མེ་ཤོར་རྒྱུར་སྔོན་འགོག་བྱེད་བཞིན་ཡོད་པ་དང་། རྗེས་མཐུད་བྱ་བ་ནན་ཏན་ངང་ཡག་པོ་སྒྲུབ་ནས་མེ་ཤོར་བའི་རྒྱུ་རྐྱེན་དང་རྒྱུ་ནོར་གྱོང་གུན་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་ཞིབ་བསྡུར་བྱེད་བཞིན་ཡོད།