ཞལ་ཐང་གསེར་གྱི་མེ་ལོང་པར་འགྲེམ་བྱས་པ།
发布时间:2024年03月19日 消息来源:

              རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
སྤྱི་ཚེས་17ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་《སྤུ་རྒྱལ་བཙན་པོའི་འཁྲུངས་རབས་ཞལ་ཐང་གསེར་གྱི་མེ་ལོང》དངོས་སུ་པར་འགྲེམ་བྱས་ཡོད། དེ་ནི་གསར་གཏོད་རང་བཞིན་ལྡན་པའི་ཐང་གའི་སྒྱུ་རྩལ་གྱི་ལས་གཞི་ཆེན་པོ་ཞིག་རེད།

图片
《སྤུ་རྒྱལ་བཙན་པོའི་འཁྲུངས་རབས་ཞལ་ཐང་གསེར་གྱི་མེ་ལོང》གསར་རྩོམ་བྱེད་པའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྲིད་སྟོན་དུ་བྱས་ནས་བོད་མི་རིགས་ཀྱི་ཐང་གའི་སྒྱུ་རྩལ་དར་སྤེལ་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་འགན་འཁྲིའི་ཐོག་ནས་ཕུལ་བྱུང་གི་ཐང་གའི་སྒྱུ་རྩལ་པ་སུམ་ཅུ་ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། དུས་ཡུན་ལོ་དགུ་ལྷག་ཙམ་གསར་རྩོམ་བྱས་ཡོད་ཅིང་། དེ་ནི་ཀྲུང་ཧྭའི་རིག་གནས་ལ་གཅིག་མཐུན་གྱི་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བྱེད་པ། འཛམ་གླིང་མི་རིགས་ཁག་ལ་ཀྲུང་གོའི་བོད་རིགས་ཀྱི་སྲོལ་རྒྱུན་ཐང་གའི་རིག་གནས་དང་དེའི་སྒྱུ་རྩལ་དྲིལ་བསྒྲགས་བྱེད་པ་བཅས་ཀྱི་ཕུལ་བྱུང་གི་བརྩམས་ཆོས་ཤིག་ཡིན་པ་རེད།

图片

བོད་ཀྱི་རིག་གནས་ནི་ཀྲུང་གོའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོའི་ཤེས་རིག་དང་ཐ་ན་འཛམ་གླིང་གི་ཤེས་རིག་བང་མཛོད་ཆེན་མོའི་ནང་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་གནས་བབ་གལ་ཆེན་བཟུང་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་ཚུན། ཏང་དང་རྒྱལ་ཁབ་ཀྱི་ཚད་མཐོའི་མཐོང་ཆེན་དང་། སྔོག་འདོན། སྲུང་སྐྱོབ་བཅས་ཀྱི་འོག་བོད་ཀྱི་རིག་གནས་འཕེལ་རྒྱས་དང་རྒྱུན་འཛིན་གང་ལེགས་བྱུང་ཡོད་ཅིང་། འཛམ་གླིང་རིག་གནས་མེ་ཏོག་ལྡུམ་རའི་ནང་རབ་ཏུ་བཞད་ནས་འཛམ་གླིང་སྐྱེ་བོའི་ཡིད་དབང་འཕྲོག་བཞིན་ཡོད།

图片