རྐང་ཚ་རྫོང་གིས“ཉེན་རྟོག་པའི་རིགས་མཉམ་འདྲེས”དང་མཉམ་འགུལ་གྱི་ལམ་སྲོལ་གསར་པ་བཙུགས།
发布时间:2024年03月20日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

   མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་སྤྱི་བདེ་ཅུ་ཡིས་བདེ་འཇགས་རྐང་ཚ་འཛུགས་སྐྲུན་ལ་བརྟེན་ནས། ཧུར་ཐག་སྒོས“འགྲིམ་འགྲུལ་དོ་དམ་དང་། བདེ་སྲུང་སྔོན་འགོག ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ”བཅས་ཀྱི་གཞི་གཅིག་ཅན་གྱི་ཉེན་རྟོག་བྱ་བའི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ“ཉེན་རྟོག་པའི་རིགས་མཉམ་འདྲེས་མཉམ་འགུལ”གྱི་བྱ་བའི་ལམ་སྲོལ་གསར་པ་ལག་བསྟར་བྱས་ཏེ་ཉེན་རྟོག་པའི་རིགས་དགར་གྱི་བཀག་རྒྱ་སྔར་ནས་མེད་པར་བཟོས་ནས་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་དང་འགྲིམ་འགྲུལ་དོ་དམ་མཉམ་འདྲེས་ཀྱི་བྱ་བའི་མ་ལག་བཙུགས་ནས་ཉེན་རྟོག་ལས་དོན་གྱི་བྱ་བའི་ཕན་ནུས་དང་སྤྱི་ཚོགས་ཀྱི་གཞི་རིམ་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བར་ཧུར་ཐག་གིས་བྱས། 

    རྐང་ཚ་རྫོང་སྤྱི་བདེ་ཅུ་ཡིས་དངོས་དོན་དང་ཟུང་འབྲེལ་བྱས་ནས་མངགས་གཏོང་ཁང་དང་། དམིགས་བསལ་སྐོར་ཞིབ་རུ་ཆེན། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་བཅས་ཀྱི་འགན་ནུས་བསྡུ་སྒྲིལ་བྱས་ནས་ཉེན་རྟོག་པ་མང་ཤོས་ལམ་ངོས་སུ་མངགས་ཏེ“ཉེན་རྟོག་པ་གཅིག་ལ་ནུས་པ་མང་པོ་ལྡན་པ”མངོན་འགྱུར་བྱས་ནས་འགུལ་མེད་ཟུང་འབྲེལ་དང་ས་ཚིགས་སྦྲེལ་མཐུད་ཀྱིས་རྡུང་འགོག་སྡོམ་གཅུན་བཅས་པ་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྫོང་ཁོངས་ཀྱི་སྤྱི་པའི་བདེ་འཇགས་སྔོན་འགོག་ལ་ཚོད་འཛིན་མ་ལག་ཅིག་ཆགས་པར་བྱས་ནས་ཁྱོན་ཡོངས་ནས་ཞིང་འབྲོག་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ཚོད་འཛིན་གྱི་ནུས་པ་ཆེ་རུ་བཏང་བ་རེད།  

   “ཉེན་རྟོག་པའི་རིགས་མཉམ་འདྲེས”ཀྱི་ཉེན་རྟོག་ལས་དོན་གྱི་དཔེ་དབྱིབས་གསར་པ་དེས་ཉེན་རྟོག་པའི་སྤྱི་འབོར་ལ་འགྱུར་བ་མ་བཏང་པའི་གནས་ཚུལ་འོག་མངགས་གཏོང་ཁང་གིས་དོ་དམ་བྱེད་པའི་བདེ་འཇགས་ཀྱི་རྒྱུ་རྐྱེན་གཙོ་བོ་སྔར་ལས་ཆ་ཚང་བ་དང་། མི་དོན་ཡུལ་དངོས་རླངས་འཁོར་དང་ལམ་བཅས་ཕྱོགས་ཡོངས་ནས་དོ་དམ་ཚོད་འཛིན་ཐུབ་པ་མངོན་འགྱུར་བྱས་ནས། གནས་གཏན་འཁེལ་དང་སྐོར་ཞིབ་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ་ཉེན་རྟོག་དམག་ཤུགས་སྲང་ལམ་དུ་སྤྱད་དེ་མགྱོགས་མྱུར་གྱིས་བྱ་ཐབས་སྤེལ་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གནམ་གཤིས་ངན་པ་དང་། འགྲིམ་འགྲུལ་འགག་པ། ཉེན་རྟོག་པས་ཐག་གཅོད་བྱེད་པ་བཅས་པ་ཧུར་ཐག་བྱས་ཏེ་ཉེན་རྟོག་པའི་ལམ་ངོས་ཐག་གཅོད་བྱེད་ཚད་ཏན་ཏིག་གིས་མཐོ་རུ་བཏང་ནས“ཉེན་རྟོག་པ་གཅིག་ལ་སྤྱོད་ལམ་དང་ནུས་པ་མང་པོ་ལྡན་པའི་སྤྱིའི་བྱེད་ནུས་ལྡན་པ་བྱས་ནས། སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི་རྨང་གཞིའི་བྱ་བའི་ལས་འགན་ལེགས་འགྲུབ་ཡོང་བར་འདེགས་སྐྱོར་གལ་ཆེན་བྱ་དགོས། ཉེན་རྟོག་པའི་རིགས་མཉམ་འབྲེལ་ཐོག་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅོས་སྒྲིག་ལས་འགུལ་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་འགྲོ་འོང་བྱེད་མཁན་འཁོར་རིགས་ལ་རེ་རེ་བཞིན་ཞིབ་བཤེར་བྱས་ཏེ་ཁ་ལོ་བའི་ལག་རྟགས་མེད་པ་དང་། རླངས་འཁོར་ཤོང་ཚད་ལས་བརྒལ་བ། ཆང་འཐུང་ནས་རླངས་འཁོར་བསྐོར་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་གྲལ་བཤེར་བཅོས་སྒྲིག་བྱས་ནས་གཞུང་ལམ་གྱི་གཡས་གཡོན་དུ་རླངས་འཁོར་གང་བྱུང་དུ་འཇོག་པའི་བྱ་སྤྱོད་ལ་གཙང་བཤེར་བཅོས་སྒྲིག་བྱས་པས། རྐང་ཚ་རྫོང་སྤྱི་བདེ་ཅུ་ཡི་གཞི་རིམ་བཅོས་སྐྱོང་ནུས་པ་དང་བདེ་འཇགས་དོ་དམ་གྱི་འགོག་སྲུང་ཆུ་ཚད་མཐོར་འདེགས་སུ་ཕྱིན་པ་དང་གཞི་རིམ་གྱི་རུ་ཁག་གིས་ཡུལ་གྲོང་སྲུང་སྐྱོང་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་ཐུབ་པ་བྱས་ནས་གོམ་གང་མདུན་སྤོས་ཀྱིས་བདེ་འཇགས་རྐང་ཚའི་འཛུགས་སྐྲུན་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད།