རྫོང་ཨུའི་རྒྱུན་ཨུ་རྫོང་དཔོན་གཞོན་པ་ཅི་ཧྲི་ཝའེ་ཁ་བགོས་སྡེ་བ་ཇོ་སྐོར་གོང་མར་བསྐྱོད་དེ“ཡིག་ཆ་ཨང་དང་བོ”སྒྲོག་འགྲེལ་དང་གཙོ་གནད་ལས་དོན་ལ་ལྟ་སྐུལ་ཁྲིད་སྟོན་གནང་།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ3པའི་ཚེས18ཉིན། རྫོང་ཨུའི་རྒྱུན་ཨུ་རྫོང་དཔོན་གཞོན་པ་ཅི་ཧྲི་ཝའེ་ཁ་བགོས་སྡེ་བ་ཇོ་སྐོར་གོང་མར་བསྐྱོད་དེ“ཡིག་ཆ་ཨང་དང་བོ”སྒྲོག་འགྲེལ་དང་གཞི་རིམ་གྱི་ཏང་འཛུགས་སྐྱོང་། ཐོན་ལས་གོང་འཕེལ་གྱི་གནས་ཚུལ་བཅས་ལ་ལྟ་སྐུལ་ཁྲིད་སྟོན་གནང་བར་མ་ཟད། གཡུ་དཀར་འོམ་ལུང་ཡུལ་ཚོ་དང་། རྫོང་སྲིད་གཞུང་གཞུང་ལས་ཁང་། རྫོང་ཁ་བགོས་རོགས་སྐྱོར་ལས་ཁུངས། སྒྱུར་བཅོས་ཅུ་སོགས་ཀྱི་འགན་འཁུར་བློ་མཐུན་དག་གིས་ཀྱང་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད།
སྒྲོག་འགྲེལ་དང་ལྟ་སྐུལ་ཁྲིད་སྟོན་གྱི་གོ་རིམ་ཁྲོད། ཅི་ཧྲི་ཝེ་ཡིས་རྩ་འཛུགས་སྡེ་བའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་དང་། སྡེ་བར་བཅའ་སྡོད་ཀྱི་ལས་དོན་རུ་ཁག “སྲོག་ཤིང་གཅིག་དང་རུ་ཁག་ལྔ”ཡི་ལས་དོན་ཚོ་ཆུང་གི་ཁོངས་མི་བཅས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི“ཡིག་ཆ་ཨང་དང་བོའི”ནང་དོན་གནད་བསྡུས་དམ་པོར་དམིགས་ཏེ། ཚིག་སྦྱོར་བདེ་ཞིང་གསོན་ཉམས་ལྡན་པའི་དཔེ་བཀོད་ནས་ཡུལ་ཚོ་དང་སྡེ་བའི་རིམ་པ་གཉིས་པའི་ལས་བྱེད་པར་ཁ་གསལ་གོ་སླའི་འགྲེལ་བཤད་བྱས་པ་རེད། དེ་དང་ཆབས་ཅིག ཡུལ་དངོས་སུ་ཀྲུ་པུའུ་འཛུགས་སྐྱོང་དང་། སྐྱེས་མའི་ལས་དོན། རིག་གནས་དྲིལ་བསྒྲགས སྡེ་བ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱལ་གྱི་གནས་བབས། ཡོང་འབབ་བགོ་ཚུལ། འགྲོ་སོང་གཏོང་སྟབས། འཕེལ་རྒྱས་རྒྱ་བསྐྱེད་གཏོང་ཐབས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པར་གསན་པ་རེད། ཚོགས་ཞུགས་མི་སྣ་དང་ལྷན་དུ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་འཆར་སྣང་གསར་བ་དང་། བྱེད་ཐབས་གསར་བར་ཞིབ་འཇུག་དང་གྲོས་བསྡུར་བྱས་ཤིང་། ཕྱུག་འགྱུར་གྱི་བསམ་ཕྱོགས་སྔར་ལས་རྒྱ་ཆེར་དང་། བརྩོན་ལེན། རང་འགུལ་ངང་གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྐུལ་མ་དང་ཁྲིད་སྟོན་བྱས་ནས།འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་སྡེ་བ་ཡོངས་ཀྱི་མང་ཚོགས་ལ་ཕན་ཐོག་པར་བྱ་དགོས་ཞེས་གསུངས།
ཅི་ཧྲི་ཝའེ་ཡིས་བསྟན་དོན། གཅིག ཀྲུ་པུའུ་ཡི་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ཀྲུ་པུའུ་འགོ་ཁྲིད་ཀྱིས་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“སྲོག་ཤིང་གཅིག་དང་རུ་ཁག་ལྔ”ཡི་ཁྲིད་སྟོན་བྱེད་པ། ཏང་གི་རིག་གཞུང་དང་། ལམ་ཕྱོགས། བྱེད་ཕྱོགས་དང་སྲིད་ཇུས་བཅས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ། བྱ་བ་དཔྱད་བརྡར་གྱི་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། གཙོ་གནད་ཀྱི་བྱ་བར་ཞིབ་ཐོ་བཟོ་བ། བྱ་བའི་ཡིག་ཚགས་འཐུས་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། ཏང་རྩ་འཛུགས་ཀྱི་ལེགས་ཆ་དང་ཆབ་སྲིད་ཀྱི་ལེགས་ཆ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་བྱ་སྤྱོད་ཀྱི་ལེགས་ཆར་སྒྱུར་རྒྱུ་ནུས་ཤུགས་བཅས་བྱས་ཏེ།ཏང་འཛུགས་སྐྱོང་དང་གྲོང་གསེབ་དར་སྤེལ་ལ་མཉམ་འདྲེས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། གཉིས། སྡེ་བའི་ཐུན་མོང་གི་དཔལ་འབྱོར་ཡར་རྒྱས་ཡག་པོ་གཏོང་དགོས། འབྲོག་ལུག་དང་ནོར་གནག་གསོ་སྤེལ་གྱི་ཕན་འབྲས་མཐོ་རུ་གཏོང་བ། རྡོ་བརྐོས་དང་འཆམ་སོགས་ཀྱི་ཐོན་ལས་རྨང་གཞི་འདིང་ཞིང་འཕེལ་རྒྱས་ལྡན་པ། ཞིང་ལས་ཟུང་འབྲེལ་དང་ཞིང་ལས་ལ་སྐུལ་ཁྲིད་བྱེད་པའི་ལམ་སྲོལ་སྔར་ལས་འདོན་སྤེལ་ཡག་པོ་བྱས་ཏེ་ཐོན་ལས་ཀྱི་འབྲེལ་ཐག་རིང་དུ་གཏོང་བ། སྤུས་ལེགས་ཚོང་རྟགས་སྲོག་ཤིང་དུ་བཟུང་ནས་འགྲན་རྩོད་ཀྱི་ནུས་པ་གསོ་སྐྱོང་བྱེད་པའི་ཐད་ནུས་ཤུགས་གང་མགྱོགས་འདོན་དགོས།
གསུམ། གནམ་གྱི་ཕྱེད་ཀ་ལྟ་བུའི་བུད་མེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ཆེས་ཁྱབ་རྒྱ་བའི་ངང་བུད་མེད་མང་ཚོགས་ཀྱིས་ཏང་གི་མཐའ་སྐོར་དུ་མཐུན་སྒྲིག་ཆིག་འདྲིལ་བྱེད་པ་དང་། རྒྱ་ཆེའི་བུད་མེད་ཀྱི་འདུ་ཤེས་ལ་འགྱུར་ལྡོག་ཏན་ཏིག་གཏོང་བར་ཁྲིད་སྟོན་བྱེད་དགོས། སྡེ་བ་འཕེལ་རྒྱས་ཀྱི་དོན་དངོས་གནས་ཚུལ་ཟུང་འབྲེལ་བྱས་ཏེ། བུད་མེད་ཀྱི་སྤྱི་ཡོངས་འདུ་ཤེས་དང་།གསར་གཏོད་འདུ་ཤེས།འགན་འཁྲིའི་འདུ་ཤེས།ཞབས་ཞུའི་འདུ་ཤེས་བཅས་ལ་ཤུགས་སྣོན་རྒྱག་དགོས། བུད་མེད་རྩ་འཛུགས་བྱས་ནས་རིག་རྩལ་བྱ་འགུལ་སྤེལ་བ་དང་། དུས་རབས་གསར་བའི་བུད་མེད་ཀྱི་རང་གཤིས་སྐུལ་ལྕག་བྱེད་པ།
བུད་མེད་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་དུས་རབས་གསར་བའི་ལེའུ་རྩོམ།
བཞི། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཇུས་འགོད་ཡག་པོ་བྱ་དགོས། “ཆུ་གློག་ལམ་གསུམ་དང་།འཕྲིན་གཏོང་།ཐོན་ལས”སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མི་འདང་བར་གཞིར་བཟུང་སྟེ། འཆར་འགོད་ཞིབ་ཚགས་བྱེད་པ། སྒོས་སུ་གྲོང་གསེབ་ཏང་ཨུ་དང་སྲིད་གཞུང་། སྡེ་བར་བཅའ་སྡོད་ལས་དོན་རུ་ཁག ཁ་བགོས་རོགས་སྐྱོར་ལས་ཁུངས་བཅས་ཀྱིས་རྣམ་གྲངས་ཀྱི་རྒྱབ་སྐྱོར་སྔར་ལས་བརྩོན་ལེན་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་བསྐང་དགོས།