ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲིག་ལེན་ཧྭ་འཁོར་དང་བཅས་པ་རྐང་ཚའི་བཙུན་མའི་བྱེད་སྒོ་སྤེལ་ཡུལ་ལ་དཔྱད་ཞིབ་གནང་།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ4བའི་ཚེས23ཉིན།ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི།ཀྲུའུ་ཞི་གཞོན་པ་ཀྲིག་ལེན་ཧྭ་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་པུའི་པུ་ཀྲང་ལིས་ཞའོ་ཐེང་།ཞིང་ཆེན་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གཞུང་ལས་ཁང་གི་ཆེད་འགན་ཀྲུའུ་རིན་གཞོན་པ་ཡའོ་ཡེང་འཁོར་དང་བཅས་པ་རྐང་ཚའི་བཙུན་མའི་བྱེད་སྒོ་སྤེལ་གནས་ལ་ཟབ་ཞུགས་བྱས་ཏེ།“བུད་མེད་ཀྱི་ཁྱིམ་གཞི”འཛུགས་སྐྲུན་དང་རྩལ་ནུས་གསོ་སྦྱོང་གི་གནས་ཚུལ།མི་རིགས་མཐུན་སྒྲིལ་སོགས་ཀྱི་ལས་དོན་ལ་དཔྱད་ཞིབ་དང་མཛུབ་ཁྲིད་གནང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཞུས་ཀྲིན་དང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི།ཀྲུའུ་ཞི་ལིས་མའེ་ཞུན།རྫོང་ཨུའི་རྒྱུན་ཨུ་ཁང་དང་དྲིལ་བསྒྲགས་པུའི་པུ་ཀྲང་ཁྲིན་ཞའེ་ཆིན།རྫོང་ཨུའི་རྒྱུན་ཨུ་ཁང་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་ལིན་ཞེན་པའོ།རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་བཅས་ཀྱིས་མཉམ་དུ་དཔྱད་ཞིབ་གནང་།
་།
བཙུན་མའི་བྱེད་སྒོ་སྤེལ་ཡུལ་དུ་ཀྲིག་ལེན་ཧྭ་འཁོར་དང་བཅས་པས་བཙུན་མའི་སྡོད་ཁང་དང་འཚོ་བ།སློབ་སྦྱོང་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་གནང་ཞིང་། ཁོ་མོ་ཚོའི་དུས་རྒྱུན་འཚོ་བའི་ཡོང་སྒོ་དང་འགྲོ་སྒོའི་གནས་ཚུལ་ལ་རྩད་གཅོད་ཞིབ་མོ་བྱས་པ་མ་ཟད། བཙུན་མ་རྣམས་ཀྱི་བོད་སྤོས་གསོ་སྦྱོང་གི་གནས་ཚུལ་དང་ཕྱིར་འཚོང་གི་གནས་ཚུལ། དེ་བཞིན་མིག་སྔར་འཕྲད་པའི་དཀའ་ཁག་དང་མ་འོངས་པའི་མི་ཚེའི་འཆར་འགོད་ལ་རྒྱུས་ལོན་ཟབ་མོ་བྱས།
ཀྲིག་ལེན་ཧྭས་བསྟན་དོན། རྒྱ་ཆེའི་བཙུན་མ་རྣམ་པས་མིག་སྔར་གྱི་བདེ་སྐྱིད་ལ་གཅེས་སྤྲས་བྱས་ཏེ།བདེ་འཇགས་དང་།བདེ་ཐང་།བརྩི་ཐང་སོགས་ཀྱི་ཐད་ནས་རང་ལ་གཅེས་སྐྱོང་བྱ་དགོས། རྒྱལ་གཅེས་ཆོས་གཅེས་དང་འཆམ་མཐུན་ལ་བརྩི་མཐོང་བྱས་ཏེ།མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན།སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་བཅས་ཀྱི་ལག་བསྟར་བྱས་ནས་ལུས་སེམས་གཉིས་ཀྱི་གནས་སྟངས་ཡག་པོས་སྡོམ་ཁྲིམས་བསྲུང་དགོས། རང་ངོས་རྩལ་ནུས་གསོ་སྦྱོང་ལ་ཤུགས་བརྒྱབ་སྟེ།ལག་རྩལ་ཁོང་དུ་ཆུད་པ་དང་ཡོང་སྒོའི་ཐབས་ལམ་རྒྱ་བསྐྱེད་པ།རང་ཁ་རང་གསོ་ཐུབ་པ་བཅས་བྱ་དགོས།རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཙུན་མའི་བྱེད་སྒོ་སྤེལ་ཡུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།ཁོ་མོ་ཚོའི་བསམ་བློའི་སྣེ་ཁྲིད་ལ་ཤུགས་བརྒྱབ་ནས་ཏང་གི་སྲིད་ཇུས་སྒྲོག་འགྲེལ་གྱི་ལས་དོན་ཡག་པོ་སྤེལ་དགོས། དེ་དང་ཆབས་ཅིག་ཏུ་ཁོ་མོ་ཚོར་བྱམས་སྐྱོང་དང་རོགས་སྐྱོར་གྱི་ལས་དོན་ལ་ཤུགས་བསྣན་ཏེ།འཐབ་ཕྱོགས་གཅིག་གྱུར་དང་འཕྲོད་བསྟེན་བདེ་ཐང་སོགས་ཀྱི་སྡེ་ཁག་ལ་མཉམ་འབྲེལ་བྱས་ནས།ཁོ་མོ་ཚོར“འབྲས་སྐྲན་གཉིས”ལ་རིན་མེད་ཀྱིས་བརྟག་དཔྱད་དང་བདེ་ཐང་བརྟག་དཔྱད།འཚམས་འདྲིའི་རོགས་སྐྱོར་སོགས་ཀྱི་ལས་དོན་སྤེལ་དགོས།