དུས་ཆེན་མ་བཏང་གོང་གི་བདེ་འཇགས་ཞིབ་བཤེར་བྱས་ནས་འགྲོ་ལམ་སྐྱེལ་འདྲེན་བདེ་འཇགས་འགན་ལེན་བྱས་པ།
དུས་ཆེན་མ་བཏང་གོང་གི་བདེ་འཇགས་ཞིབ་བཤེར་བྱས་ནས་འགྲོ་ལམ་སྐྱེལ་འདྲེན་བདེ་འཇགས་འགན་ལེན་བྱས་པ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚའི་སྲིད་དོན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
བདེ་འཇགས་སྔོན་འགོག་ལ་བཀག་འགོག་བྱ་ཆེད།ཁོངས་གཏོགས་ས་ཁུལ་གྱི་འགྲོ་ལམ་སྐྱེལ་འདྲེན་ལས་རིགས་ཀྱི“དོན་རྐྱེན་སྔོན་འགོག”ལས་དོན་དམ་འཛིན་ཏན་ཏིག་བྱས་ནས། དུས་ཆེན་སྐབས་སུ་རང་རྫོང་གི་འགྲོ་ལམ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་དུས་བབ་བརྟན་བརླིང་དང་གོ་རིམ་ལྡན་པའི་འགན་ལེན་བྱ་དགོས། ཟླ4ཚེས23ཉིན་རྐང་ཚ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་རྐང་ཚ་རྫོང་སྲིད་འཛིན་ཕྱོགས་བསྡུས་ཁྲིམས་འཛིན་ཅུས། འོམ་ཆུ་རུ་འབྲིང་དང་མཉམ་འབྲེལ་བྱས་ཏེ་རྫོང་ཁོངས་རྟོགས་ཀྱི་གླ་གཏོང་རླངས་འཁོར་ཀུང་སི་དང་།སྤྱི་སྤྱོད་རླངས་འཁོར་ཀུང་སི།ཁ་ལོ་བའི་ལག་རྟགས་སློབ་གྲྭ་སོགས་ཁེ་ལས་དག་ལ་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་སྔོན་འགོག་ལ་བརྟག་དཔྱད་ལས་དོན་བསྒྲུབས་ཡོད་པ་རེད།
ཐེངས་འདིའི་མཉམ་འབྲེལ་ཞིབ་བཤེར་གྱིས་གཙོ་བོ་སྐྱེལ་འདྲེན་ཀུང་སི་དང་།སྤྱི་སྤྱོད་རླངས་འཁོར་ཀུང་སི།གླ་གཏོང་རླངས་འཁོར་ཀུང་སི། རླངས་འཁོར་འབབ་ཚུགས་སོགས་གཙོ་གནད་དུ་བཟུང་ནས་འགྲོ་ལམ་སྐྱེལ་འདྲེན་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དོན་འཁྱོལ་དང་།འཕྲལ་སྡོམ་སྔོན་ཇུས་བཟོ་བ།དོན་རྐྱེན་སྔོན་འགོག་དང་བརྟག་དཔྱད་བཅོས་སྐྱོང་།འགུལ་རྣམ་ལྟ་སྐུལ་ཚོད་འཛིན་བེད་སྤྱོད་།རླངས་འཁོར་ཞིག་གསོ།བདག་སྐྱོང་དང་ཞིབ་བཤེར།ཁ་ལོ་བ་དང་ལས་ཞུགས་མི་སྣའི་རྒྱུན་གཏན་སློབ་གསོ་དོ་དམ།རླངས་འཁོར་དང་མི་སྣའི་རྩིས་ཐོ་གསར་བརྗེ།རླངས་འཁོར་ལག་རྩལ་དོ་དམ་གནས་ཚུལ་སོགས་བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་དང་ཆབས་ཅིག་ཁོངས་གཏོགས་ས་ཁུལ་གྱི་ཁ་ལོ་བའི་ལག་རྟགས་སློབ་གྲྭ་དང་།རླངས་འཁོར་ཞིབ་དཔྱད་ཚད་ལེན་སྒྲིག་གཞིའི་བདེ་འཇགས་ཐོན་སྐྱེད་རྩིས་ཐོ་དཔྱད་གཞིའི་ཡིག་རིགས་དང་།ས་གནས་བདེ་འཇགས་སྒྲིག་བཀོད་སོགས་ཡུལ་དངོས་ནས་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་ཏེ་ཤེས་རྟོགས་བྱུང་བའི་དོན་རྐྱེན་སྔོན་འགོག་གི་གནད་དོན་ཐད་ཞིབ་བཤེར་ཚོགས་ཆུང་གིས་དུས་ཐོག་ཏུ་ཁེ་ལས་ཀྱི་འགན་འཁུར་བར་ཚུར་ལན་སྤྲད་དེ་ཞིབ་ཕྲའི་དག་ཐེར་བསམ་འཆར་བཏོན་ནས་ཁེ་ལས་ལ་བདེ་འཇགས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས། 《བརྡ་ཁྱབ》ཡིག་ཆ་ལྟར་གཞིར་བཟུང་ནས་དག་ཐེར་ལེགས་གྲུབ་ཡོང་བར་བྱ་རྒྱུ་དང་དག་ཐེར་བྱས་པའི་གནས་ཚུལ་དུས་ལྟར་ཡར་ཞུ་བྱ་རྒྱུའི་བླང་བྱ་ནན་མོར་བཏོན་ཡོད། དེ་དང་ཆབས་ཅིག་ཏུ་འགྲོ་ལམ་སྐྱེལ་འདྲེན་ཁེ་ལས་ཁག་གིས་འགན་འཁྲི་ཏང་དུ་བླངས་ཏེ། དོན་རྐྱེན་སྔོན་འགོག་ལས་དོན་ལེགས་པོར་བསྒྲུབས་ཏེ་གཙོ་གནད་བཅོས་སྐྱོང་དང་བྱུང་མ་མྱོང་བའི་དོན་རྐྱེན་སྔོན་འགོག་ལ་ཞིབ་བཤེར་ནན་མོ་བྱས་ཏེ་བདེ་འཇགས་ཀྱི་ལས་དོན་ལ་ཤུགས་སྣོན་བྱས་ཏེ་དོན་རྐྱེན་སོགས་རྩ་བ་ནས་མི་འབྱུང་བར་བྱེད་རྒྱུ།
གཞན་ཡང་ཞིབ་བཤེར་ཚོགས་ཆུང་གིས་ཁེ་ལས་ཁག་གི་དུས་ཆེན་སྐབས་སུ་འགྲོ་ལམ་སྐྱེལ་འདྲེན་གྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བླང་བྱ་བཏོན་པ་སྟེ། གཅིག་ནི་བཀོད་སྒྲིག་ཞིབ་ཚགས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གཟུགས་འགན་འཁྲི་དོན་འཁྱོལ་དང་།བདེ་འཇགས་ཐོན་སྐྱེད་ལས་དོན་དམ་འཛིན་ནན་ཏན་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་སྔོན་འགོག་ནུས་ལྡན་བྱེད་དགོས་པ་དང་། གཉིས་ནས་ས་སྲུང་འགན་འཁྲི་ཡོད་པ་དང་།བདེ་འཇགས་ཐོན་སྐྱེད་ཀྱི“ཚད་ཐིག”འདུ་ཤེས་དང“མ་མཐའི་མཚམས་ཐག”གི་བསམ་གཞིགས་བརྟན་པོ་བཙུགས་ནས་ནུས་ཤུགས་ཡོད་རྒུས་འགྲོ་ལམ་སྐྱེལ་འདྲེན་དང་རླངས་འཁོར་གཏོང་བའི་བདེ་འཇགས་དོན་རྐྱེན་ལ་འགན་ལེན་ཁག་ཐག་བྱེད་དགོས། གསུམ་ནས་ལྟ་སྐུལ་དོ་དམ་ནན་པོ་བྱས་ཏེ་གཙོ་གནད་རླངས་འཁོར་དང་ལྷུ་ཚིགས་གཙོ་གནད་བདེ་འཇགས་དང་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་པ་དང་དུས་མཚུངས་སུ་དུས་ཆེན་གྱི་ལས་རེས་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་དུས་ཆེན་སྐབས་སུ་རྫོང་ཡོངས་ཀྱི་འགྲོ་ལམ་སྐྱེལ་འདྲེན་ལས་རིགས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཡོང་བར་འགན་ལེན་བྱ་རྒྱུ།