རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་གཏིང་ཟབ་བྱེད་པ་དང་། རྒྱས་བཟའ་རྒྱས་བཏུང་གི་གོམས་སྲོལ་ངན་པ་གཏན་འགོག་བྱ་ཆེད། ད་ལྟ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན། ལས་བྱེད་པར་ཁ་ཕྱོགས་ནས་གཏན་འགོག་བཅུ་བཏོན་པ་སྟེ།
གཅིག ཚད་གཞི་ལས་བརྒལ་བ་དང་ཚད་ཐིག་ལས་བརྒལ་བ། ཁྱབ་ཁོངས་ལས་བརྒལ་ནས་གཞུང་དོན་སྣེ་ལེན་བྱེད་པ་གཏན་འགོག་དང་། ཆུད་ཟོས་ལ་ངོ་རྒོལ་བྱེད་དགོས།
གཉིས། གཞུང་ཡིག་མེད་པ་དང་གཞུང་ཡིག་རྫུན་བཟོ། "ཡིག་གཅིག་ལ་བརྟེན་ནས་ཐེངས་མང་དུ་བཟའ་བ"དང་རྟོག་ཞིབ་དང་བརྟག་བཤེར། ཞིབ་བཤེར་སོགས་ཀྱི་མིང་ལ་ཁ་གཡར་ནས་བཟའ་བཏུང་བྱེད་པ་གཏན་འགོག་བྱེད་དགོས།
གསུམ། སྒྲིག་འགལ་ངང་སྒེར་གཉེར་ཁེ་ལས་པ་དང་ཁོངས་གཏོགས་ལས་ཁུངས། འོག་རིམ་ལས་ཁུངས་སོགས་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་གསོལ་སྟོན་དང་ལེན་བྱེད་པ་གཏན་འགོག་བྱེད་དགོས།
བཞི། མི་སྒེར་འདུ་གནས་སམ་ཡང་ན་ནང་ཁུལ་གྱི་ཟ་ཁང་། “ཅོག་ཙེ་གཅིག་གི་ཟ་མའི”སྒྲིག་འགལ་བཟའ་བཏུང་གཏན་འགོག་བྱེད་དགོས།
ལྔ། རྩ་འཛུགས་བྱས་པའི“ཡུལ་གྲོགས་འདུ་འཛོམས”དང་“སློབ་གྲོགས་འདུ་འཛོམས”།“འཐབ་གྲོགས་འདུ་འཛོམས”སོགས“ཚོགས་པ་ཆུང་ངུའི”རང་བཞིན་ལྡན་པའི་སྒྲིག་འགལ་བཟའ་བཏུང་གཏན་འགོག་བྱེད་དགོས།
དྲུག གོང་འོག་རིམ་པ་དང་ལས་གྲོགས་བར་དུ་འབྲེལ་བ་འཛུགས་པ་དམིགས་ཡུལ་དུ་བཟུང་བའི་སྒྲིག་འགལ་བཟའ་བཏུང་གཏན་འགོག་བྱེད་དགོས།
བདུན། སྒྲིག་འགལ་ངང་གཉེན་སྟོན་དང་འདས་མཆོད་ཀྱི་ཆོ་ག་སྒྲུབ་པ་དང་། གཟབ་རྒྱས་ངང་ཆོ་ག་སྒྲུབ་པ་གཏན་འགོག་བྱེད་དགོས།
བརྒྱད། མི་སྒེར་གྱིས་འགན་ཁུར་འོས་པའི་བཟའ་བཏུང་གི་འགྲོ་གྲོན་དེ་གཞུང་དངུལ་གྱིས་རྩིས་ཞུ་དང་དོ་དམ་ཞབས་ཞུ་བྱ་ཡུལ་གྱིས་རྩིས་སྤྲོད་བྱེད་པ་གཏན་འགོག་བྱེད་དགོས།
དགུ། ལས་ཀའི་ཉིན་མོའི་ཉིན་གུང་དང་གྲོས་ཚོགས་ལ་ཞུགས་པ། སློབ་སྦྱོང་ཟབ་སྦྱོང་། རྟོག་ཞིབ་བརྟག་བཤེར། ཞིབ་བཤེར་ལྟ་སྐུལ། ལས་རེས་ལས་སྲུང་སོགས་བྱ་འགུལ་སྐབས་སུ་ཆང་འཐུང་བ་དང་ཆང་གིས་བཟི་བ་གཏན་འགོག་བྱེད་དགོས།
བཅུ། རྩ་འཛུགས་གང་ཡིན་ཡང་རྣམ་པ་གང་རུང་གི་སྒྲིག་འགལ་བཟའ་བཏུང་ལ་ཞུགས་པ་གཏན་འགོག་བྱེད་དགོས།