བཀའ་འགྱུར་ཕུག་ལམ་གསར་པར་བཅར་བ།
发布时间:2024年05月06日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

རིང་ཚད་ལ་སྤྱི་ལེ4.01ཡོད་པའི་བཀའ་འགྱུར་ཕུག་ལམ་རྙིང་པ་ནི1984ལོའི5པའི་ཚེས1ཉིན་དངོས་སུ་ཤར་གཏོང་བྱས་པའི་མཚོ་བོད་ལྕགས་ལམ་གྱི(ཟི་ལིང་ནས་ན་གོར་མོའི་བར)བཟོ་འགོད་ཅིག་ཡིན་ལ། སྐབས་དེའི་ཨར་ལས་ལག་རྩལ་གྱི་ཆ་རྐྱེན་དང་རང་བྱུང་ཁོར་ཡུག་གི་གེགས་རྒྱའི་རྐྱེན་གྱིས། མེ་འཁོར་དངོས་སུ་ཤར་གཏོང་བྱེད་རག་བར་ལོ25འདས། ཕུག་ལམ་དེ་ནི་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་བར་གྱི་མཚོ་ངོས་ལས་མཐོ་ཤོས་ཀྱི་མེ་འཁོར་ཕུག་ལམ་དེ་ཡིན་ལ། མཚོ་བོད་ལྕགས་ལམ་གྱི་ན་གོར་མོ་ནས་ལྷ་སའི་བར་གྱི་ལྕགས་ལམ་མ་གྲུབ་པའི་ཡར་སྔོན་དུ། གནས་དེ་ནི་ཀྲུང་གོའི་མཚོ་ངོས་ལས་མཐོ་ཤོས་ཀྱི་མེ་འཁོར་ཕུག་ལམ་དེའང་ཡིན།

图片

བཀའ་འགྱུར་ཕུག་ལམ་གསར་པ།

图片

བཀའ་འགྱུར་ཕུག་ལམ་རྙིང་པ།

图片
མེ་འཁོར་བདེ་བླག་གིས་བགྲོད་པར་འགན་སྲུང་བྱེད་ཆེད་ལས་བྱེད་པས་གཞི་གྲངས་སྣ་ཚོགས་ཟིན་ཐོར་འགོད་བཞིན་པ།
མཚོ་བོད་ལྕགས་ལམ་ནི་ནང་ལོགས་ནས་ལྷ་སར་འཐེན་ཡོད་ལ། ལམ་དུ་མཚོ་སྔོན་ཞིང་ཆེན་གྱི་བཀའ་འགྱུར་ཉག་ཁ་བརྒྱུད་དགོས། གནས་དེ་བརྒྱུད་པར་དཀྱོགས་ཤིན་ཏུ་མང་བས། ད་གཟོད་སྤྱི་ལེ32.6ཡོད་པའི་བཀའ་འགྱུར་ཕུག་ལམ་གསར་པ་ཞིག་ལོ7རིང་ལ་བཏོད་པ་རེད། 2014ལོའི་ཟླ12པའི་ཚེས28ཉིན་ཡོངས་སུ་གྲུབ་སྟེ་མེ་འཁོར་བཏང་། མེ་འཁོར་བཀའ་འགྱུར་ཉག་ག་བརྒྱུད་པའི་དུས་ཡུན་སྔོན་ཆད་ཀྱི་ཆུ་ཚོད2ནས་ད་ལྟའི་སྐར་མ20ལ་བསྐྱུངས་ཡོད། ད་ལོ་ནི་བཀའ་འགྱུར་ཕུག་ལམ་ཤར་གཏོང་བྱས་ནས་ལོ་འཁོར10འགོར་བའི་ལོའང་ཡིན།