རྐང་ཚ་རྫོང་གིས“རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན” ཞེས་པའི་དཔྱིད་དུས་ཀྱི་རིག་གནས་དང་གནས་སྐོར་བྱེད་སྒོ་སྤེལ།
发布时间:2024年05月08日 消息来源:


རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


རིག་གནས་དང་གནས་སྐོར་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་དུ་འཛུགས་པར་རོགས་རམ་བྱ་ཆེད། “ལྔ་གཅིག”གི་སྐབས་སུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཁེ་རམ་ཐང་དང་ལྷ་ཆབ་ཁུགས་སྐྱེ་ཁམས་ཉམས་ལེན་ཁུལ། དཔལ་དགེ་གྲོང་རྡལ་དགོ་དམར་ཚན་ཁྱབ་རྟེན་གཞི་བཅས་སུ “རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན” ཞེས་པའི་སྣ་མང་ཕུན་སུམ་ཚོགས་པའི་དཔྱིད་དུས་ཀྱི་རིག་གནས་དང་གནས་སྐོར་བྱེད་སྒོ་སྤེལ་ཞིང་། རིག་རྩལ་འཁྲབ་སྟོན་དང་རྟ་གྲུག་འཁྲབ་སྟོན། གཟུགས་མེད་རིག་གནས་ཤུལ་བཞག་དམངས་གླུ་འཁྲབ་སྟོན། སྐོར་བྲོ་འཁྲབ་སྟོན་སོགས་ངོ་མཚར་ཆེ་བའི་ལེ་ཚན་རེས་མོས་ཀྱི་ཚུལ་དུ་འཁྲབ་སྟོན་བྱས་པས་གནས་སྐོར་བ་དང་མང་ཚོགས་ཀྱི་ཐལ་མོ་རྡེབ་སྒྲས་ཁེངས་འདུག