རྐང་ཚ་རྫོང་གི་ཐོན་ལས་གསར་པའི་ཕྱོགས་སུ་བསྐྱོད་པ།
发布时间:2024年05月15日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


མཚོ་བྱང་ཁུལ་རྐང་ཚ་རྫོང་གི་ཐོན་ལས་གསར་པའི་ཕྱོགས་སུ་བསྐྱོད་དེ་འཕེལ་རྒྱས་ཀྱི་སྤུས་ཚད་ཇེ་མཐོར་བཏང་།  

   ཉེ་བའི་ལོ་ཤས་རིང་ལ།མཚོ་བྱང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བས་ཁུལ་ཨུའི“243”གྱི་འཕེལ་རྒྱས་བཀོད་སྒྲིག་དང་རྫོང་ཨུའི“1136”གི་ལས་ཀའི་བསམ་ཕྱོགས་དང“གདོང་ལེན་གསུམ་བརྩོན་ལེན་བྱས་ནས་ལམ་བུ་གསུམ་གསར་དུ་གཏོད་པ”ཡི་སྡེ་བ་རིམ་པའི་འཕེལ་རྒྱས་དམིགས་ཚད་ལ་གཞིགས་ནས།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་འཆར་གཞི་འགོད་པ་དང་ཁྱད་ལྡན་ཐོན་ཁུངས་གཏིང་ཟབ་སྔོག་འདོན་བྱེད་པ།རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཆེན་པོ་བཏང་སྟེ།དཀོན་ལོ་ཚང་གོང་མ་སྡེ་བའི་མི་རིགས་གྲོང་སྡེ་དང་མི་རིགས་ཚོང་ལས་སྲང་ལམ།སྦྲ་གུར་སྒར་འདེབས།ཤིང་ཁང་ཆུང་ཆུང་།ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དངོས་སྦྱོང་རྟེན་གཞི།དེང་རབས་ཚན་རྩལ་འདེབས་འཛུགས་གསོ་སྤེལ་རྟེན་གཞི་སོགས་གཞི་གཅིག་ཏུ་འདུས་པའི་གྲོང་གསེབ་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་བསྐྲུན་ཏེ།གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་ཁྱད་ཆོས་ལྡན་པའི་ཡུལ་སྐོར།ཕན་ནུས་ཆེ་བའི་ཕྱུགས་ལས་གསོ་སྤེལ།སྦི་རག་བསྙལ་བའི་ལས་སྣོན།ས་མེད་འདེབས་གསོ་འཐུ་བ།ཕྱུགས་ཞོར་ཐོན་རྫས་ལས་སྣོན་སོགས་སོགས་ཁྱབ་ཁོངས་མང་པོ་དཔུང་གཤིབ་མཉམ་སྐྱོད་ཀྱི་འཕེལ་རྒྱས་གཏོང་སྟངས་ཤིག་ཆགས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི“རྣམ་པ”དེ་ལྗང་མདོག་དཔལ་འབྱོར་གྱི“རིན་ཐང”དུ་བསྒྱུར་ཡོད།

   རྒྱང་ལྟའི་རང་བཞིན་གྱི་བསམ་གཞིགས་རྒྱུན་འཁྱོངས་བྱས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དཀའ་གནད་ལས་གྲོལ་བར་སྐུལ་འདེད་གཏོང་དགོས།གཙོ་གནད་རྣམ་གྲངས་ལས་དོན་ཆེད་གཉེར་འཛིན་གྲྭ་བཙུགས་པའིགོ་སྐབས་དང་ཟུང་འབྲེལ་བྱས་ནསརྐང་ཚ་རྫོང་དཀོན་ལོ་ཚང་གོང་མ་སྡེ་བའི་འཛུགས་སྐྲུན་འཆར་འགོདདངདཀོན་ལོ་ཚང་གོང་མ་སྡེ་བའི་འཛུགས་སྐྲུན་འཆར་འགོདརྣམ་གྲངས་གལ་ཆེན་ཇུས་འགོད  》《རྐང་ཚ་རྫོང་དཀོན་ལོ་ཚང་གོང་མ་སྡེ་བའི་གྲོང་ཚོ་འཆར་འགོདལ་དམིགས་ནས་ཁོངས་མིའི་ཚན་པའི་ལས་འགན་དང་དམིགས་འབེན་གྱི་མྱུར་ཚད།འགན་སྲུང་བྱེད་ཐབས་བཅས་  སྔར་བས་ཁ་གསལ་བཟོས་པ་མ་ཟད། དུས་བཅད་བཀོད་གཏོང་དང་ཡུལ་དངོས་སུ་གཞུང་དོན་སྒྲུབ་པ།རྗེས་འདེད་ལྟ་སྐུལ་སོགས་ཀྱི་བྱེད་སྟངས་བརྒྱུད་དེ་སྔོན་གྱི་འགྲོ་ལུགས་སྒྲུབ་པའི་དཀའ་གནད་དང་མ་དངུལ་དོན་ཐོག་ཏུ་འཁྱོལ་བའི་དཀའ་གནད།རྣམ་གྲངས་སྐུལ་འདེད་དོ་དམ་གྱི་དཀའ་གནད་སོགས་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ།སྟོབས་ཤུགས་གཅིག་སྒྲིལ་གྱིས་ཕན་འབྲས་ལ་སྐུལ་འདེད་གཏོང་བ་དང་།ཚད་གཞི་དང་སྤུས་ཚད་མཐོ་བའི་རྣམ་གྲངས་འཛུགས་སྐྲུན་གྱི་དུས་མགོའི་འཆར་འགོད་ལ་སྐུལ་འདེད་གཏོང་དགོས།

   འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག་རྒྱུན་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མིག་སྔར་དཀོན་ལོ་ཚང་གོང་མ་སྡེ་བའི་འཛུགས་སྐྲུན་རྣམ་གྲངས་ལས་བཟོ་སྐྲུན་ཁག7འགྲུབ་ནས་ཞིབ་བཤེར་རྩིས་ལེན་བྱས་པ་དང་བཟོ་སྐྲུན་ཁག3ལས་མགོ་ཚུགས་པ།རྣམ་གྲངས་ཁག6གྲ་སྒྲིག་བྱས་ནས་ལག་ལེན་བསྟར་བ།   ཇུས་གཞི་ཁག5བཟོས་པ།རྣམ་གྲངས1བརྩོན་ལེན་བྱས་པ་དེའི་ནང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས་དང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བའི་དེང་རབས་ཚན་རྩལ་འདེབས་འཛུགས་གསོ་སྤེལ་འཛུགས་སྐྲུན་རྣམ་གྲངས།འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བའི་སྤུས་དག་སྦི་རག་ཐོན་ལས་གྲོང་གསེབ་དར་སྤེལ་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་རྣམ་གྲངས་སོགས་བེད་སྤྱོད་བཏང་བས་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་ངང་སྟོབས་ཆེར་གཏོང་བ་དང་སྡེ་མི་ཐུན་མོང་གིས་ཡོང་འབབ་འཕར་བར་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བའི་མི་རིགས་གྲོང་སྡེ(དཔེ་སྟོན་སྡེ་བ)འཕེལ་རྒྱས་རྣམ་གྲངས།འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བའི་རིག་ཤེས་ཅན་རླངས་འཁོར་འཇོག་གནས་འཛུགས་སྐྲུན་རྣམ་གྲངས།དཀོན་ལོ་ཚང་གོང་མ་སྡེ་དམངས་ཕྱོགས་བསྡུས་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས།འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བའི་དམངས་སྲོལ་སྤྲོ་གསེང་དང་དེ་བཞིན་མི་སེར་གྱི་གར་སྟེགས་ཆེན་པོ་འཛུགས་སྐྲུན་རྣམ་གྲངས་སོགས་གཞི་རྩའི་ཆ་ནས་མཇུག་སྒྲིལ་བའི་དུས་མཚམས་སུ་སླེབས་ཏེ།དཀོན་ལོ་ཚང་གོང་མ་སྡེ་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་བ་དང་སྡེ་བ་ཡོངས་ཀྱི་བསམ་པའི་རིག་གནས་གཞི་རྟེན་ཕུན་ཚོགས་སུ་གཏོང་བར་གཅིག་གྱུར་འཆར་འགོད་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། ནུས་ཤུགས་ཡོད་རྒུས2024ལོའི་ཡུལ་སྐོར་གྱི་དུས་ཚིགས་ཡག་ཤོས་ལ་གྲ་སྒྲིག་བྱ་ཆེད། དཀོན་ལོ་ཚང་གོང་མ་སྡེ་བར་སྤྲོ་གསེང་གྲོང་སྡེ་དང་སྦྲ་གུར་སྒར་འདེབས།དམངས་སྲོལ་ཉམས་ལེན་རྟེན་གཞི།དེ་བཞིན་རང་འཁོར་སྒར་འདེབས་བཅས་སྒྱུར་བཀོད་རིམ་སྤོར་བྱེད་བཞིན་ཡོད་པ་དང་ཁྱིམ་ཚང་རྣམ་པའི་ཚོང་ལས་དཔེ་རྣམ་གསར་པ32ལ་ལས་རྣམ་ཇུས་འགོད་དང་གསར་གཏོད་བྱེད་མཁན་བསྡུ་བཞིན་ཡོད་པས།ཡུལ་སྐོར་བར་སྣེ་ལེན་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བ་དང་དེ་བཞིན་ལས་རྣམ་གསར་པའི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པར་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི“འཕེལ་རྒྱས་སྤུས་ཚད”དང“ཁྲག་བསྐྱེད་ནུས་པ”སྔར་བས་ཇེ་ཆེར་བཏང་སྟེ།སྡེ་དམངས་ལས་ཞུགས་ཐུབ་པ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁེ་སྤོགས་རྒྱུན་མཐུད་ངང་ལོངས་སྤྱོད་ཐུབ་པར་གསར་གཏོད་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།

   ཁྱོན་ཡོངས་རང་བཞིན་གྱི་འཆར་འགོད་རྒྱུན་འཁྱོངས་བྱས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཕྱུག་འགྱུར་གྱི་དམིགས་འབེན་མངོན་འགྱུར་བྱ་དགོས།“ལས་བྱེད་པས་ལས་ཀར་ཧུར་བརྩོན་དང་བསམ་བློ་གསལ་བོ།རང་གཅུན་ནན་མོ”བཅས་ཀྱི་བླང་བྱར་དམིགས་ཏེ།“ལས་གཞི་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ཏེ་འོམ་ཆུ་གྲོང་རྡལ་ཏང་ཨུ་དང་གྲོང་རྡལ་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་རང་གིས་དངོས་སུ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱ་རྒྱུ་རྒྱུུན་འཁྱོངས་ཀྱིས་ལྟ་སྦྱོང་སློབ་སྦྱོང་དང་ཡུལ་དངོས་སུ་སྤེལ་རེས།ཉམས་མྱོང་སྤྱི་བསྡོམས་སོགས་ཀྱི་བྱེད་སྟངས་བརྒྱུད་དེ་ཕྱོགས་ཡོངས་ནས་དཀོན་ལོ་ཚང་གོང་མ་སྡེ་བའི་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཇུས་འགོད་བྱས་ཏེ།ཞིང་ཕྱུགས་ཐོན་རྫས་མཁོ་སྤྲོད་འགན་སྲུང་ནུས་པ་ཆེས་ཆེར་ཕྱིན་པ་དང་ཐོན་ལས་གསར་པའི་སྤུས་ཚད་ཕན་འབྲས་དང་འགྲན་རྩོད་ནུས་པ་བརྟན་པོའི་ངང་ཇེ་ཆེར་ཕྱིན་པ།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།དེང་རབས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་ཐོག་མར་འཛུགས་པ་བཅས་བྱས་ནས་ཁག་ཐེག་བྱས་ཏེ་གནས་གཅིག་གིས་ཁྱོན་ཡོངས་ཁྲིད་པ་དང་གྲོང་རྡལ་ཡོངས་ལ་ཁྱབ་པར་བྱ་དགོས། དུས་དེར་ཟི་ལིང་གྲོང་ཁྱེར་མཁར་ཤར་ས་ཁུལ་དང་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་དུ་བསྐྱོད་དེ་སྦུ་རག་ཐོན་ལས་འཁོར་བསྐྱོད་རྣམ་པ་ལྟ་སྦྱོང་བྱས་པ་དང་།རྐང་ཚ་རྫོང་གི་ཏང་སྲིད་རྟོག་ཞིབ་ཚོགས་པར་འགྲོགས་ནས་ཀྲིག་ཅང་དང་ཅང་ཞི།ཀོང་ཏུང་།ཧུའུ་ནན་སོགས་སུ་བསྐྱོད་དེ་ཐོན་ལས་དང་གྲོང་གསེབ་ཡུལ་སྐོར་གྱི་སྔོན་ཐོན་ལས་ཀའི་ཉམས་མྱོང་སློབ་སྦྱོང་བྱས་པ་དང་།ཞིང་ཆེན་ཚོང་ལས་ཐིང་གློག་རྡུལ་ཚོང་དོན་ཁྲུའུ་རུ་བསྐྱོད་དེ་སྡེ་བ་རིམ་པའི་གློག་རྡུལ་ཚོང་དོན་ཐད་གཏོང་གསོ་སྐྱོང་རྟེན་གཞི་འཛུགས་སྐྲུན་མཐུན་སྦྱོར་དོན་ཐོག་ཏུ་འཁྱོལ་བ་དང་།པེ་ཅིན་གྲོང་ཁྱེར་དུ་བསྐྱོད་དེ་རྒྱལ་ཡོངས་མཁོ་འཚོང་སྤྱི་ཁྱབ་ཁང་དང་ཐོན་ལས་འབྲེལ་ཐག་ཡོངས་ཀྱི་ལས་དོན་ཨུ་ལྷན་སྤྱི་ཁྱབ་པུའུ་ལ་འཚམས་འདྲི་བྱས་ནས་གློག་རྡུལ་ཚོང་དོན་དཔེ་རྣམ་ལ་སྐུལ་འདེད་གཏོང་བ་དང་ནགས་འོག་དཔལ་འབྱོར་ནང་འདྲེན་བྱེད་པ།སྐྱེ་ལྡན་ལུད་རྫས་ལས་སྣོན་བྱེད་པ་སོགས་ཀྱི་ཐད་ལ་རོགས་འདེགས་སྒོས་ཐོག་མའི་གཅིག་མཐུན་ལྟ་བ་བྱུང་ཞིང་། དེ་དང་ཆབས་ཅིག་ཏུ་པེ་ཅིན་ཏ་ཞིན་གནམ་གྲུ་ཐང་དུ་རྐང་ཚའི་ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན་ཚོང་ཁང་འཛུགས་པའི་ལས་དོན་དེ་པེ་ཅིན་རུའེ་ཐུང་ཚོང་དོན་འཁོར་རྒྱུག་ཚད་ཡོད་ཀུང་སི་དང་ཐོག་མའི་འདོད་བློ་བཞག་ཡོད། རྟོག་ཞིབ་སློབ་སྦྱོང་དང་དེ་བཞིན་འཚམས་འདྲིའི་གྲུབ་འབྲས་ལ་ཟུང་འབྲེལ་བྱས་ཏེའོམ་ཆུ་གྲོང་རྡལ་གྱིས་དཀོན་ལོ་ཚང་གོང་མ་སྡེ་བའི་གྲོང་གསེབ་དར་སྤེལ་ཆེད་དམིགས་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཇུས་གཞིདངའོམ་ཆུ་གྲོང་རྡལ་གྱི“མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ནུས་ཤུགས་མཉམ་འདོན་དང་འབད་འབུངས་ཡར་བརྩོན་གྱིས་རྣམ་པ་གསར་པ་བསྐྲུན་པའི”མུ་འབྲེལ་བྱེད་སྒོ་ལག་བསྟར་ཇུས་གཞིདུས་ཐོག་ཏུ་གྲུབ་པ་དང་།འོམ་ཆུའི་ཞིང་ཕྱུགས་དང་གཟུགས་མེད་རིག་གནས་ཤུལ་བཞག་ཐོན་རྫས་ངོ་སྤྲོད་ཚོགས་འདུ་སྐབས་གཉིས་པའི་ལག་བསྟར་ཇུས་གཞིདངདཀོན་ལོ་ཚང་གོང་མ་སྡེ་བའི་གྲོང་གསེབ་ཡུལ་སྐོར་ཟི་ལིང་ངོ་སྤྲོད་ཚོགས་འདུ་ལག་བསྟར་ཇུས་གཞིསོགས་དུས་གཅིག་ཏུ་ཞིབ་ཚགས་སུ་བཏང་ཡོད།