གསར་འགྱུར་གལ་ཆེན།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
➤ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བཞི་པའི་ནང་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་བཏང་ནས་རྒྱ་ཆེའི་ངལ་རྩོལ་པའི་ཐོབ་སྣང་དང་བདེ་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
➤ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཁྲི་ཏོ་ཀི་ནེ་ཡའི(赤道几内亚)ཙུང་ཐུང་ཨའོ་པི་ཨང་དང་གྲོས་མོལ་གནང་བ་རེད།
➤《གཞུང་ཁོངས་ཁེ་ལས་དོ་དམ་མི་སྣའི་ཆད་གཅོད་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཤིང་། ཟླ9པའི་ཚེས1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།
➤ཚེས28ཉིན། ལྷ་གྲུ་ཨང་བཅོ་བརྒྱད་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་གིས་གྲུ་གཟིངས་ནས་ཕྱིར་ཐོན་པའི་བྱེད་སྒོ་ཐེངས་དང་པོ་ལེགས་གྲུབ་བྱུང་།
➤གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔར་རྒྱལ་ཡོངས་ཀྱི་གྲོའི་བསྡུ་ཚད་བཅུ་ཆའི་གཉིས་ཙམ་ཟིན་པ་དང་། དབྱར་འབྲུ་འདེབས་པའི་ལས་དོན་གཞི་ཁྱོན་ཆེ་བའི་ངང་མགོ་བརྩམས་ཡོད།
➤ཚེས28ཉིན། ཀྲུང་གོའི་མི་དམངས་དངུལ་ཁང་གི་རྫོང་ཁོངས་མངགས་གཏོང་སྒྲིག་གཞི190ལ་གསར་དུ་སྒོ་བྱང་བཀལ།
➤སྡོམ་རྩིས་རག་ཙམ་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་གྲོང་ཁྱེར70ལྷག་ཙམ་གྱིས་ཚོང་ཟོག་སྡོད་ཁང་གི“སྡོད་ཁང་རྙིང་པ་གསར་པར་བརྗེ་བའི”སྲིད་ཇུས་བཏོན་ཡོད་པ་རེད། ས་གནས་ཁག་གི་ཚོང་ཟོག་སྡོད་ཁང་གི“རྙིང་པ་གསར་པར་བརྗེ་བའི”རྣམ་པ་གཙོ་བོ་ནི་གཞུང་ཁོངས་ཁེ་ལས་ཀྱིས་ཉོ་སྒྲུབ་དང་། ཁྲོམ་ར་མཉམ་སྦྱོར། ཁྲལ་གྲོན་ཁ་གསབ་བཅས་བྱེད་སྟངས་གསུམ་སྤྱོད་ཀྱི་ཡོད་པ་རེད།
➤གུང་གཞོན་ཚོགས་པ་ཀྲུང་དབྱང་གིས“12355སྐོར་སྐྱོད་སེམས་ཁམས་ཞབས་ཞུའི་སྟེགས་བུ”བཀོད་སྒྲིག་བྱས་ནས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོ་བརྒྱ་ལ་གཅིག་རྗེས་གཉིས་མཐུད་ངང་སེམས་ཁམས་གཅེས་སྐྱོང་ཞབས་ཞུ་བྱ་རྒྱུ་ཡིན་པ་རེད།
➤ཚེས28ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པས་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་གིས་ཐེ་ཇུས་བྱེད་མི་ཆོག་པ་དང་། ཨ་རིར་མཐོ་བཤད་དམའ་བཤད་བྱེད་དབང་མེད་ཅེས་བཤད་པ་རེད།
➤ཚེས27ཉིན། ཀྲུང་གོ་དང་ཁམ་ཕུ་ཁྲེའི“གསེར་འབྲུག-2024(中柬“金龙-2024”)”མཉམ་འབྲེལ་ནང་སྦྱོང་གི་མཚོ་ཐོག་དམག་དཔུང་གི་ནང་སྦྱོང་དེ་ཁམ་ཕུ་ཁྲེའི་ཤིས་ཧ་ནུའུ་ཁེ་གྲུ་ཁའི(西哈努克港)ཉེ་འགྲམ་མཚོ་ཁོངས་སུ་སྤེལ་པ་རེད། དེ་ནི་ཀྲུང་གོའི་མཚོ་དམག་གི་དམག་གྲུ་རུ་དཔུང་དང་ཁམ་ཕུ་ཁྲེའི་མཚོ་དམག་མཉམ་འབྲེལ་གྱིས་སྒྲིག་འཛུགས་བྱས་པའི་དམག་དཔུང་གི་ནང་སྦྱོང་ཐེངས་དང་པོ་དེ་རེད།
སྤྱི་ཚོགས།
➤ཚེས28ཉིན། རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲསC919ཚོང་ལས་གཉེར་སྐྱོང་བྱས་ནས་ལོ་གཅིག་འཁོར་བ་དང་། C919ཡི་གནམ་གྲུ་དྲུག་པ་དེ་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་གནམ་གྲུའི་རུ་ཁག་ནང་དངོས་སུ་ཞུགས། དེ་ནི་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་གན་རྒྱ་བཞག་ནསC919གནམ་གྲུ100ཁ་སྣོན་མངག་ཉོ་བྱས་པའི་གནམ་གྲུ་ཐོག་མ་དེ་ཡིན་པ་རེད།
➤རང་རྒྱལ་གྱིས་བསྐྲུན་བཞིན་པའི་མེས་རྒྱལ་གྱི་ཆེས་བྱང་མཐའི་མཐོ་གྲང་མྱུར་བགྲོད་ལྕགས་ལམ(高寒高铁)སྟེ། ཧར་པིན་ནས་དབྱི་ཁྲུན་བར་གྱི་མྱུར་བགྲོད་ལྕགས་ལམ་དངོས་སུ་འདིང་མགོ་བརྩམས། ལམ་ཐིག་ཤར་གཏོང་ཐུབ་རྗེས་ས་གནས་གཉིས་ཀྱི་མེ་འཁོར་འཁོར་སྐྱོད་དུས་ཚོད་ཆུ་ཚོད2ཙམ་བར་ཐུང་དུ་འགྲོ་རྒྱུ་ཡིན་པ་རེད།
➤རྒྱལ་ཡོངས་ལོ་རྒྱུས་རིག་པའི་ལས་རིགས་ཀྱིས་པེ་ཅིང་དུ《ཀྲུང་གོའི་ཉེ་རབས་ཀྱི་ལོ་རྒྱུས་སྤྱི་བསྒྲགས》《ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལོ་རྒྱུས་མདོར་བསྡུས》སོགས་ཞིབ་འཇུག་གྲུབ་འབྲས་གསར་ཤོས་མང་པོ་ཁྱབ་བསྒྲགས་བྱས་ཡོད།
➤རྒྱལ་སྤྱིའི་ཕིང་ཕང་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱི2024ལོའི་གཟའ་འཁོར22པའི་འཛམ་གླིང་ཨང་རིམ་ཁྱབ་བསྒྲགས་བྱས། ཀྲུང་གོའི་སྤོ་ལོ་རྒྱག་མཁན་ཝང་ཁྲུའུ་ཆིན་དང་སུན་དབྱིན་ཧྲ་གཉིས་ཀྱིས་སྐྱེས་པ་དང་བུད་མེད་རྐྱང་བའི་འགྲན་བསྡུར་གྱི་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།
➤རང་རྒྱལ་གྱི་ནུབ་རྒྱ་མཚོ་ཆེན་པོའི་མི་སྡོད་མཚོ་འཛུལ་གྲུ་གཟིངས་ཀྱི་ཚན་རིག་རྟོག་ཞིབ་ལས་འགན་ཐོག་མ་དེ་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་བྱུང་ཞིང་། ཚན་རིག་རྟོག་ཞིབ་གྲུ་གཟིངས་ཀྱིས་སྔ་རྗེས་སུ་ཧིན་རྡུ་རྒྱ་མཚོ་དང་། ནུབ་རྒྱ་མཚོ་ཆེན་པོ་ལྷོ་མ། ནུབ་རྒྱ་མཚོ་ཆེན་པོ་བྱང་མ་བཅས་སུ་མི་སྡོད་མཚོ་འཛུལ་ལས་ཀ་ཐེངས46བདེ་བླག་ངང་སྤེལ་བ་རེད།
➤རྩིག་རྨང་གི་མཐོ་ཚད་སྨི4.2ཡོད་པའི་ཆེད་སྤྱོད་གནམ་གཟུགས་ཚད་འཇལ་རྒྱང་ཤེལ་རྣམ་གྲངས་མཚོ་སྔོན་ལུན་ཧོ(冷湖)རུ་བཙུགས། དེས་རང་རྒྱལ་གྱི་ཁ་ཞེང་ཆེ་བའི་རྒྱང་ཤེལ་བཀོད་སྒྲིག་སྔར་བས་འཐུས་ཚང་དུ་བཏང་ནས་རང་རྒྱལ་གྱི་རྩིག་རྨང་འོད་རིག་པའི་གནམ་རིག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
➤《པེ་ཅིང་གྲོང་ཁྱེར་གྱི་དམའ་ས་དཔལ་འབྱོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་ཇུས་གཞིའི》བསམ་འཆར་བསྡུ་ལེན་བྱས་ནས་ཏ་ཞིན་གནམ་ཐང(大兴机场)དང་ཞུང་ཨན་ཁུལ་གསར(雄安新区)། རྒྱལ་ས་གནམ་ཐང(首都机场)དང་ཐེན་ཅིན། ལང་ཧྥང(廊坊)སོགས་ས་ཁུལ་གྱི་ལས་ཞུགས་འགྲོ་ལམ་དང་མཁའ་ལམ་འཛུགས་རྩིས་ཡོད་པ་རེད།
➤ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པས་འདྲི་གཅོད་དང་པོའི་ནང་ཀྲུང་གོ་ཧྭ་རུང་རྒྱལ་སྤྱིའི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི་དེ་སྔའི་སྤྱི་གཉེར་བ་ཐའེ་པེ་ཧུའེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཐའེ་པེ་ཧུའེ་ལ་ལྐོག་རྔན་བླངས་པའི་གྱོད་དོན་ཐོག་ནས་སྲོག་ཁྲིམས་བཅད།
➤ཨ་ཆེན་གངས་རྒྱབ་ཀྱི་རི་དྭགས་གཙོད་གནས་སྤོ་བྱེད་པའི་དུས་སྐབས་སུ་སླེབས་ཡོད། དོ་དམ་སྡེ་ཚན་གྱིས་འགྲོ་འོང་བྱེད་མཁན་གྱི་གནས་སྐོར་བ་དང་རླངས་འཁོར་གྱིས་བཀོད་འདོམས་ལ་ཉན་ནས་གནས་སྤོ་སྲོག་ཆགས་གཡོལ་རྒྱུར་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
➤ཀུའེ་ཀྲོའུ་ཡི་བུ་མོ་དབྱང་ཁྲེང་ལན་སློབ་ཆེན་མཐར་ཕྱིན་ནས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པ་དང་། ཏུང་རིགས་ཀྱི་གླུ་གཞས་ཐོག་ནས་ཚོས་རྒྱག་སྡེབ་སྦྱོར་འཚོལ་ཞིབ་བྱས་ཏེ་ཡུན་རིང་ཉམས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བཟོ་རྩལ་སླར་གསོ་བྱས་པ་མ་ཟད། ད་དུང་འཁེལ་འཐག་བུ་མོ200ལྷག་ཙམ་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་ཀྱང་བྱས་པ་རེད།
སྲིད་ཇུས།
➤ཐེན་ཅིན་གྱིས་ཇུས་གཞི་གསར་པ་བཏོན་ནས་ཁྱིམ་སྟོང་དང་གཞིས་སྲུང་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་རིགས་བདུན་ཟ་མ་རོགས་སྐྱོར་གྱི་ཁ་གསབ་ཁྱབ་ཁོངས་སུ་བཅུག་ཡོད།
➤ཧྲང་ཧའེ་ཡིས་གཉེན་སྒྲིག་ངོ་སྤྲོད་ཞབས་ཞུའི་སྒྲིག་སྲོལ་དང་མཐུན་པའི་མཛུབ་ཁྲིད་ཁྱབ་བསྒྲགས་བྱས་ནས་དངོས་ཚན་གཉེན་སྒྲིག་ངོ་སྤྲོད་ཁང་དུ་ཉིན3ནས7བར་གྱི“འཛད་སྤྱོད་ལྷོད་འབབ་རིང་གི(消费冷静期)”གྲོན་དངུལ་ཕྱིར་སློག་ལམ་ལུགས་འཛུགས་རྒྱུའི་སྐུལ་ལྕག་བྱས་པ་རེད།
➤ཀོང་ཏུང་གིས་བདེན་པའི་རྒྱབ་ལངས་ཀྱི་འགན་ལེན་སྒྲིག་སྲོལ་གསར་པ་བཏོན་ནས་བདེན་པའི་རྒྱབ་ལངས་བྱེད་མཁན་ཤི་རྨས་བྱུང་མཁན་དང་བྱས་རྗེས་མངོན་གསལ་དོད་པའི་མི་སྣར་ཐེངས་གཅིག་རང་བཞིན་གྱི་བྱ་དགའི་ཚད་གཞི་དེ་མཐོ་ཤོས་ལ་སྒོར་ཁྲི100ཡིན་པ་ཁ་གསལ་བཟོས་ཡོད།
དེ་རིང་གི་གནམ་གཤིས།
➤ནང་སོག་ཧོ་ཐའོ་ས་ཁུལ་དང་དབུས་རྒྱུད། ཧེ་ལུང་ཅང་བྱང་ཤར་རྒྱུད་དང་། ཅི་ལིན་དབུས་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། ནུབ་བྱང་ས་ཁུལ་དབུས་ཤར་རྒྱུད། ལྷོ་ནུབ་ས་ཁུལ་ཤར་རྒྱུད། བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་དྲག་ཆར་འབབ་པ་དང་། དེའི་ནང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཁྲུང་ཆིང་ལྷོ་ནུབ་རྒྱུད། ཀུའེ་ཀྲོའུ་ནུབ་བྱང་རྒྱུད། ཡུན་ནན་ནུབ་བྱང་རྒྱུད། ཀོང་ཏུང་ལྷོ་ནུབ་རྒྱུད་མཚོ་རྒྱུད། ཧའེ་ནན་དབུས་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་པའམ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།