【རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག】
“མཚོ་སྔོན་རྐང་གྲུག་ལྷག་རིམ་འགྲན་སྡུར”མཐོ་རྒྱུགས་སྐབས་ལ་ཁེལ་བས་འགྲན་སྡུར་དུས་ཚོད་ལ་བརྗེ་སྒྱུར་བྱུང་།
ཟླ5པའི་ཚེས31ཉིན། གསར་འགོད་པས“རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”ལྷག་རིམ་འགྲན་སྡུར་ནས་རྒྱུས་ལོན་པ་ལྟར་ན། མཐོ་རྒྱུགས་ལེན་པར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཆེད“མཚོ་སྔོན་རྐང་གྲུག་ལྷག་རིམ་འགྲན་སྡུར”སྒྲིག་འཛུགས་ཨུ་ལྷན་གྱིས་ཞིབ་འཇུག་བྱས་པ་བརྒྱུད་མཐོ་རྒྱུགས་སྐབས་ཀྱི་འགྲན་སྡུར་དུས་ཚོད་ལེགས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས།
དེ་སྔར་གཏན་འཁེལ་བྱས་པའི་ཟླ6པའི་ཚེས8ཉིན་གྱི་རྨ་ལྷོ་རེབ་གོང་སྒྱུ་རྩལ་རུ་ཁག་དང་མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁག་གཉིས་ཀྱི་འགྲན་སྡུར་དུས་ཚོད་དེ་ཟླ6པའི་ཚེས11ཉིན་གྱི་དུས་ཚོད15སྟེང་བརྗེ་སྒྱུར་བྱས་འདུག
དེ་སྔར་གཏན་འཁེལ་བྱས་པའི་ཟླ6པའི་ཚེས9ཉིན་མཚོ་ནུབ་ཚ་འདམ་འཕང་འབྲས་རུ་ཁག་དང་མཚོ་ཤར་མཚོ་སྔོན་འཐེན་ཐུག་རུ་ཁག ཡུལ་ཤུལ་ནོར་གནག་རུ་ཁག་དང་ཟི་ལིང་ཞ་ཏུའུ་རུ་ཁག་བཅས་ཀྱི་འགྲན་སྡུར་དུས་ཚོད་ཉིན་དེའི་དུས་ཚོད15ནས17ལ་ཕྱིར་སྣུར་བྱས་འདུག