ཨ་མེད་ལ་མེད་དགུ།
发布时间:2024年06月13日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། གངས་ཅན་བྱིས་པའི་སྤྱི་སྟེགས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 


ཀུ་རུ་རྟ་ལ་རྭ་ཅོ་མེད། །

ཁྱུང་དཀར་མཛོ་ལ་ཡ་སོ་མེད། །

གཡང་མོ་ལུག་ལ་ཁལ་འགེལ་མེད། །

ནག་པོ་ཁྱི་ལ་ཕྱི་རྟིང་མེད། །

ནམ་མཁའི་བྱ་ལ་གློ་བ་མེད། །

རི་བོང་ཁ་ཤོར་མཚེར་བ་མེད། །

མགོ་ནག་མི་ལ་རྔ་མ་མེད། །

ཙི་ཀི་ར་མ་མགོ་འཛིན་མེད། །

སྲོག་ཆགས་གྲོག་མ་མིག་འབྲས་མེད། །