རྐང་ཚ་རྫོང་སྐྱིད་སྨོན་ཡུལ་ཚོས་ཕ་ཡུལ་དགའ་ལ་ཞེན་དང་ཁོར་ཡུག་སྲུང་སྐྱོང་ཞེས་པའི་སྲོལ་རྒྱུན་རིག་གནས་དུས་ཆེན་སྐབས་ལྔ་བའི་བྱེད་སྒོ་སྤེལ།
发布时间:2024年06月19日 消息来源:

                   རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། སྐྱིད་སྨོན་ཡུལ་ཚོ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

2024ལོའི་ཟླ6པའི་ཚེས18ཉིན། སྲོལ་རྒྱུན་རིག་གནས་དར་སྤེལ་དང་ཕ་ཡུལ་གྱི་མཛེས་ཉམས་ཕྱིར་མངོན་པ། མང་ཚོགས་ཀྱི་བསམ་པའི་གོ་རྟོགས་ཕུན་སུམ་ཇེ་ཚོགས་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་སྣེ་ཁྲིད་དེ་ཏང་གི་གསུང་བརྩི་བ་དང་། ཏང་དང་མཉམ་དུ་འགྲོ་བར “སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་། ཕ་ཡུལ་གྱི་ཉམས་འགྱུར་མངོན།”ཞེས་པ་བརྗོད་གཞི་བྱས་ནས་རྐང་ཚ་རྫོང་སྐྱིད་སྨོན་ཡུལ་ཚོས་ཕ་ཡུལ་དགའ་ལ་ཞེན་དང་ཁོར་ཡུག་སྲུང་སྐྱོང་ཞེས་པའི་སྲོལ་རྒྱུན་རིག་གནས་དུས་ཆེན་སྐབས་ལྔ་བའི་བྱེད་སྒོ་སྤེལ།

ཐེངས་འདིའི་བྱ་འགུལ་སྟེང་གླུ་ལེན་གར་རྩེད་དང་། སྐྱལ་རྩལ་འགྲན་བསྡུར། དམངས་ཁྲོད་འཚེམ་དྲུབ། བོད་ཟས་ལས་སྣོན་འགྲན་བསྡུར་སོགས་ནང་དོན་དང་རྣམ་པ་སྣ་ཚོགས་ཀྱིས་ཕྱུག་ཡོད་ལ། ཡུལ་ཚོའི་ཁོངས་གཏོགས་ཀྱི་སྡེ་བ་ལྔ་དང་ལས་ཁུངས་སོ་སོ། མཛའ་མཐུན་ཡུལ་ཚོ་དང་གྲོང་རྡལ་གཙོས་རྫོང་རིམ་པའི་ལས་ཁུངས་སོགས་ལས་ཁུངས20ལྷག་ཐེངས་འདིའི་བྱ་འགུལ་ལ་ཞུགས་ཡོད་དེ། རྐང་ཚ་རྫོང་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨ་ལྷན་གྱི་ཧྲུའུ་ཅི་སྒྲོལ་དཀར་སྐྱིད།རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་མིན་ཧྥོའུ་ཞང་། རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་བང་ཡན་ཧུང་། སྐྱིད་སྨོན་ཡུ་ཚོ་ཏང་ཨུའི་ཧྲུའུ་ཅུའུ་ཀྲང་ཡུས་ཅོན་དང་ཧྲུའུ་ཅི་གཞོན་པ་བློ་བཟང་རྡོ་རྗེ། མཛའ་མཐུན་ཡུལ་ཚོ་བཞི་ཡི་འགོ་ཁྲིད་བཅས་ཐེངས་འདིའི་དགའ་སྟོན་གྱི་མཛད་སྒོ་དང་རིག་རྩལ་བྱ་འགུལ་ལ་ཞུགས།

དགའ་སྟོན་གྱི་མཛད་སྒོ་དེ་བརྗིད་ཉམས་ལྡན་པའི་ངང་རྒྱལ་དར་བསྒྲེངས་བ་ནས་འགོ་བརྩམས་སོང་ལ། རྒྱ་ཆེ་མང་ཚོགས1000ལྷག་གིས་ཡུལ་དངོས་ཀྱི་ངོ་མཚར་བའི་གླུ་ལེན་གར་རྩེད་ལ་གཟིགས་ཞོར་གདོང་ལ་དགའ་བའི་འཛུམ་ཀྱིས་ཁེངས་ཡོད་པ་མ་ཟད། སྐྱིད་སྨོན་ཡུལ་ཚོའི་ཏང་ཡོན་ལས་བྱེད་དང་མང་ཚོགས་ཡོངས་ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བ། ཕ་ཡུལ་ལ་དགའ་བའི་བསམ་པ་གངས་རི་བཞིན་འོད་དུ་འཚེར་ཡོད།

སྐྱིད་སྨོན་ཡུལ་ཚོའི་སྐྱེ་ཁམས་སྲུང་སྐྱོང་གི་རྩ་དོན་གཞིར་བཟུང་ནས། ཡུལ་ཚོ་ཡོངས་ཀྱི་སྐྱེ་ཁམས་ཐད་འཕེལ་འགྱུར་བླ་ལྷག་བྱུང་སྟེ། ཡུལ་ཚོའི་ས་ཁུལ་ཁག་ཏུ་རི་དྭགས་སྣ་ཚོགས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས། དགའ་འོས་པའི་དོན་བཟང་འདི་ལ་གོང་རིམ་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ནས་དོ་སྣང་ཆེན་པོ་ཐོབ་བཞིན་ཡོད།

སྐྱིད་སྨོན་ཡུལ་ཚོ་ནི་མཚོ་སྔོན་པོའི་ནུབ་ངོགས་སུ་ཡོད་པ་དང་། ཁུལ་གསུམ་དང་རྫོང་གསུམ་གྱི་འདྲེས་མཚམས་སུ་གནས་ཡོད་ལ། ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ 1463.6ཡོད། གནས་འདིར་རྐྱང་དང་གཉན་སོགས་རི་དྭགས་སྣ་ཚོགས་ཀྱི་འཚོ་གནས་ཡིན། ཡུལ་ཚོའི་མངས་ཁོངས་སུ་སྡེ་བ5ཡོད་པ་དང་།དེར་ཁྱིམ་ཚང་1145དང་མི་གྲངས3998ཡོད། དེའི་ཁྲོད་ཕྱུགས་ལས་ཁྱིམ་ཚང1111ལ་མི་གྲངས3912ཡོད། ཞིང་ལས་ཁྱིམ་ཚང34ལ་མི་གྲངས86ཡོད། མི་རིགས་ལ་བོད་རྒྱ་ཧེས་སོག་ཧོར་ལྔ་བཅས་ཡོད།