མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཉམས་རོལ་གྱི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་།
发布时间:2024年06月20日
消息来源:
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
“མིག་སྔར་ང་ཚོས་ཁེ་རམ་ཐང་མཛེས་ལྗོངས་ཁུལ་དུ་རང་བྱུང་སློབ་གསོའི་སྟེགས་བུ5དང་། སྐྱེ་ཁམས་ཉམས་རོལ་གྱི་གདུང་འདེགས་འཕྲང་ལམ། དེ་མིན་འབྲེལ་ཡོད་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་སློབ་གསོའི་མཚོན་རྟགས་བྱང་བུ་བཙུགས་ཡོད”ཅེས་བཤད། ཟླ6པའི་ཚེས17ཉིན། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡི་འབྲེལ་ཡོད་ཁྲུའུ་དང་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པ་ནས་བཟུང“མཛེས་ལྗོངས་ཁུལ་གཙོ་བོ་དང་མཚོའི་མཐའ་སྐོར་གྱི་སྐྱེ་ཁམས་སྤྲོ་གསེང་གནས་ཡུལ། ཞིབ་འཇུག་སློབ་སྦྱོང་རྟེན་གཞི། རང་བྱུང་སློབ་གསོའི་རྟེན་གཞི”བཅས་ལ་དམིགས་ནས་རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཉམས་ལེན་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཉམས་ལེན་གྱི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་།



མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་སྐྱེ་ཁམས་རིན་ཐང་སྤོ་སྒྱུར་ལམ་བུར་ཧུར་ཐག་གིས་འཚོལ་ཞིབ་དང་རྒྱ་བསྐྱེད་བཏང་པ་དང་། རང་བྱུང་སློབ་གསོའི་སློབ་ཚན་བཀོད་སྒྲིག་བྱས་ནས་ཆུ་མིག་བརྒྱ་རྩ་དང་། ཆོན་ཝན། དཔལ་དགེ་སོགས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་རང་བྱུང་སློབ་གསོའི་རྟེན་གཞི”7དང་།“མཚོ་སྔོན་ཞིང་ཆེན་གྱི་ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི”3། དེ་མིན་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི“མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོའི་དགོ་དམར་རང་བྱུང་སློབ་གསོའི་ཞིབ་འཇུག་རྟེན་གཞི”བཅས་བདེ་བླག་ངང་རེ་ཞུ་བྱས། གཞི་རིམ་ས་ཚིགས་ཀྱི་ཕྱོགས་བསྡུས་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་མཚོའི་མཐའ་སྐོར་གྱི་སྲུང་སྐྱོང་ས་ཚིགས6ལ་འབྲེལ་ཡོད་ཚན་རིག་ཁྱབ་གདལ་གྱི་དྲིལ་སྒྲོག་སློབ་གསོའི་འགྲེམས་སྟོན་པང་ལེབ་དང་། དྲིལ་སྒྲོག་སྒྲོམ་བུ། སྐྱེ་ཁམས་འགྲེམས་སྟོན་ཁང་ཆུང་གྲས2བཅས་བཙུགས་པས། སྡེ་ཁུལ་གྱི་མང་ཚོགས་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ། དང་བླངས་པ་བཅས་ལ་འབྲེལ་མཐུད་བྱེད་པའི་རང་བྱུང་སློབ་གསོ་སྤེལ་བའི་སྟེགས་བུ་ཡག་པོ་ཞིག་ཏུ་གྱུར། མཚོའི་མཐའ་བསྐོར་གྱི་སྐྱེ་ཁམས་སྤྲོ་གསེང་གནས་ཡུལ12ལ་ཚན་རིག་ཁྱབ་གདལ་གྱི་དྲིལ་སྒྲོག་བྱང་བུ80དང་། མཛེས་ལྗོངས་དང་འབྲེལ་བའི་བརྩམས་ཆོས་ཐུང་ངུ6བསྟུད་མར་བཀོད་སྒྲིག་བྱས། མཚོ་སྔོན་པོའི་ལྷོ་བྱང་ངོགས་གཉིས་སུ་དགོ་དམར་རང་བྱུང་སློབ་གསོའི་རྟེན་གཞི་བསྐྲུན་པ་དང་ཚན་རིག་ཁྱབ་གདལ་གྱི་དྲིལ་སྒྲོག་སློབ་ཁང་། རྒྱང་གཟིགས་སྟེགས་བུ། རང་བྱུང་སློབ་གསོའི་དཔེ་ཐིག དགོ་དམར་འགྲེལ་བཤད་བྱང་བུ་སོགས་འབྲེལ་ཡོད་སྒྲིག་ཆས་བཙུགས། བྱ་གླིང་ས་ཁོངས་སུ་བུ་ཧ་གཙང་པོ་དང་མཚོ་སྔོན་པོའི་འདབ་ཆགས་རིགས་ཀྱི་རང་བྱུང་སློབ་གསོའི་རྟེན་གཞི། ཆུ་བྱ་སློབ་ཁང་། སྲོག་ཆགས་ཀྱི་མ་དཔེ་ཁང་། རྩི་ཤིང་གི་མ་དཔེ་ཁང་སོགས་ཀྱི་སྒྲིག་ཆས་བཙུགས་ནས་མཚོ་སྔོན་པོའི་རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཉམས་ལེན་བྱེད་སྒོ་སྤེལ་རྒྱུར་རྨང་གཞི་བཏིང་།།