མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ལ་གཞས་བསྐྱར་འགྲན་གྱི་ཉིན་གསུམ་པའི་མཐོང་ཐོས།
发布时间:2024年07月02日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།།
སྟོད་རི་རྒྱུད་དེད་ཀི་གདོང་རྒྱུད་ན།
འབྲོང་འབྲོང་ལ་འདྲེས་ཀི་རྫ་མཚམས་ནས།
རྫ་ཁྲ་ཡག་གོ་རོ་ཉུག་གི་ཡོད།
རྡོ་ཆེ་ཆུང་མེད་ལ་ལྷུང་རྒྱུ་རེད།
འབྲོང་ཕ་བུ་མ་བུ་འགེར་ཡག་བྱོས།
གྲོང་རི་རྒྱུད་དེད་ཀི་སྡེ་རྒྱུད་ན།
སྡེ་ཁྲ་ཁྲ་མར་ཁུ་མཚོ་མོ་ནས།
ས་སྡེ་ཆེན་རྩེད་ར་འཚོགས་ཀི་ཡོད།
གླུ་སྲིད་པའི་གླུ་རྒན་ལེན་རྒྱུ་རེད།
ནང་ཕ་བུ་མ་བུ་འགེར་ཡག་བྱོས།
འགྲན་ཡུལ་མཚོ་བྱང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་གི་སྦྲ་ནག་ཀ་བརྒྱ་མ།
མཚོ་ནུབ་གཏེར་ལམ་གྱི་གླུ་བ་ཀླུ་ཐར་རྒྱལ།
རྨ་ལྷོ་གཙན་ཚའི་གླུ་མ་ཚེ་བྷོ།
མཚོ་བྱང་རྐང་ཚའི་གླུ་བ་ཚེ་ཕྱུག་རྒྱལ།
མཚོ་ཤར་དཔའ་ལུང་གི་གླུ་མ་བསོད་ནམས་སྒྲོལ་མ།