【ཞོགས་འཕྲིན】ཟི་ལིང་ནས་ཞང་ཀང་བར་ཐད་འཕུར་གནམ་གྲུ་གཏང་རྒྱུ་རེད།
发布时间:2024年07月08日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། གངས་ལྗོངས་མེ་ལོང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片


1

ཉེ་ཆར། ༼ཀྲུང་ལུགས་སྨན་རྫས་ཀྱི་ཚད་གཞིའི་དོ་དམ་ཆེད་དོན་གཏན་འབེབས༽ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། ཀྲུང་ལུགས་སྨན་རྫས་སྣ་ཚོགས་ཀྱི་སྤུས་ཀའི་ཚད་གཞིའི་བླང་བྱ་ཞིབ་ཕྲ་དང་། ཚད་གཞི་བཟོ་བཅོས། ལག་བསྟར་སོགས་ལ་གཏན་འབེབས་བྱས་ཤིང་། 2025ལོའི་ཟླ1པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

图片


2

རྒྱལ་ཁབ་གནས་སྤོ་དོ་དམ་ཅུས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལོའི་ལོ་སྟོད་དུ་ཁྱོན་བསྡོམས་མཐའ་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་དུང་ཕྱུར2.87ལ་ཞིབ་བཤེར་བྱས་པ་དང་། དེ་དུས་མཚུངས་ལས70.9%འཕར་ཡོད་པ་རེད།

图片
 

3

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུས༼འབྲུབ་འགོག་གནོད་སྐྱོབ་ཉེན་སེལ་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ༽པར་འགྲེམ་བྱས།

图片


4 

图片

ཟླ7པའི་ཚེས6ཉིན་གྱི་སྔ་དྲོར། 2024ལོའི“ཀྲུང་གོའི་བཟོ་ཚོང་དངུལ་ཁང་བུམ་པའི”མཚོ་སྔོན་པོ་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་རྒྱུག་འགྲན་སྐབས་ཉེར་གསུམ་པ་དེ་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་མགོ་བརྩམས།
图片


5

图片

ཉེ་ཆར། ཀྲུང་གོ་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱིས་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་ཀྱི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་མི་སྣའི་མིང་ཐོ་ཡོངས་བསྒྲགས་བྱས། མིང་ཐོའི་ཁྲོད་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་ཀྱི་ལུས་རྩལ་པ་མི54ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ནང་ཚུད་ཡོད་པ་དང་། དེའི་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་བདམས་ཐོན་བྱུང་ཡོད་པ་རེད།

图片


6

ཟླ7ཚེས5ཉིན། མཚོ་སྔོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སིསG6ཅིན་བོད་མྱུར་བགྲོད་གཞུང་ལམ་གི་ཚྭ་ཁ་ནས་ན་གོར་མོའི་བར་དང་། S101ཟི་ལིང་ནས་ཧུའུ་ཀྲུའུ་བར་གྱི་མྱུར་བགྲོད་གཞུང་ལམ་ལ་ཁྱད་པར་ཅན་གྱི་ལམ་རིན་བསྡུ་རྒྱུའི་སྐོར་གྱི་བརྡ་ཁྱབ་བཏང་།

图片


7

མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས"བདེ་འཇགས། འཆམ་མཐུན་། དཔལ་ཡོན་ཅན་དང་གོ་རིམ་ལྡན་པའི"རིག་གནས་ཡུལ་སྐོར་ཀྱི་ཁྲོམ་རའི་ཁོར་ཡུག་བསྐྲུན།

图片


8

 

ཟི་ལིང་གི་ཟླ་དང་པོ་ནས་ལྔ་པའི་བར་གྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར98.68ལ་སླེབས།

图片


9

 

མཚོ་སྔོན་ཞིང་ཆེན་གྱི2024ལོའི་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་མེ་ཟོན་མི་སྣ་བསྡུ་བའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས།

图片




10

མཚོ་སྔོན་ཟི་ལིང་ནས་ཞང་ཀང་བར་གྱི་ཐད་འཕུར་གནམ་གྲུ་ཟླ7ཚེས9ཉིན་ཤར་གཏོང་བྱ་རྒྱུ་ཡིན་པ་རེད།

图片


11

 

 

图片


ཚེས8ཉིན་གྱི་ཆུ་ཚོད20ནས9ཉིན་གྱི་ཆུ་ཚོད20བར། མཚོ་ནུབ་ཀྱི་ས་ཁུལ་མང་ཆེ་བར་སྤྲིན་མང་བ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཆ་གཞན་དག་ཏུ་ཆར་ཆུང་ཆུང་ངམ་ཡང་ན་དྲག་ཆར(ཧའོ་སྨི1ནས9བར)ཡོད་ཅིང་། དེའི་ནང་ཟི་ལིང་གི་བྱང་རྒྱུད་དང་། མཚོ་བྱང་ཤར་རྒྱུད། མཚོ་བྱང་བྱང་རྒྱུད། མཚོ་ལྷོའི་ལྷོ་རྒྱུད། རྨ་ལྷོའི་ས་ཆ་མང་ཆེ་བ། ཡུས་ཧྲུའུ་ཤར་རྒྱུད། མགོ་ལོག་དབུས་ལྷོ་རྒྱུད་དང་རྐང་ཚ་བཅས་ཀྱི་ཞང་དང་གྲོང་རྡལ་ཁ་ཤས་སུ་ཆར་འབྲིང(ཧའོ་སྨི10ནས20བར)ཙམ་གྱི་གནམ་གཤིས་ཡོད་པ་རེད།