མཚོ་བྱང་གི་བོད་བརྒྱུད་ནང་བསྟན་དང་དབྱི་སི་ལམ་ཆོས་ལུགས་ཀྱི་སློབ་ཁྲིད་ལས་བྱེད་མི་སྣར་ཁུལ་ཡོངས་ཀྱི་ཆོས་ལུགས་སྡེའི་གཏམ་བཤད་འགྲན་སྡུར་སྐབས་གསུམ་པའི་ཁྲོད་གཡུར་ཟའི་གྲུབ་འབྲས་ཐོབ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ7པའི་ཚེས16ཉིན། མཚོ་བྱང་ཁུལ་གྱིས་ཆོས་ལུགས་སྡེའི“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ”ཞེས་པ་བརྗོད་བྱ་བྱས་པའི་གཏམ་བཤད་འགྲན་བསྡུར་སྐབས་གསུམ་པ་གཟབ་རྒྱས་ངང་སྤེལ། བྱེད་སྒོ་དེའི་དམིགས་ཡུལ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་གཙོ་ཐིག་རྒྱུན་འཁྱོངས་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཧུར་ཐག་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ཏེ། མཚོ་བྱང་གི་ཆོས་ལུགས་སྡེ་ཡིས་ཐོག་མཐའ་བར་གསུམ་དུ་ཏང་དང་བློ་སེམས་གཅིག་མཐུན་དང་། མེས་རྒྱལ་དང་ཁ་ཕྱོགས་གཅིག་པ། མི་དམངས་དང་མཉམ་དུ་སྐྱོད་པ་བཅས་ལ་ཁག་ཐེག་བྱེད་པའི་ཆེད་དུ་ཡིན།
གཏམ་བཤད་འགྲན་བསྡུར་ལ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུ་དང་ཁུལ་ཨུའི་དྲིལ་སྒྲོག་པུ། ཁུལ་ཨུའི་ཏང་གི་སློབ་གྲྭ། ཁུལ་ནང་བསྟན་མཐུན་ཚོགས། ཁུལ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་དཔྱད་འདེམས་པར་གདན་འདྲེན་ཞུས་ཤིང་། ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དང་དབྱི་སི་ལམ་ཆོས་ལུགས་སྡེ་ནས་ཡོང་བའི་སློབ་ཁྲིད་ལས་བྱེད་མི་སྣ18ཀྱིས་ཐུན་མོང་གི་བརྗོད་བྱ་གཙོ་བོར་དམིགས་ནས་འགྲན་རྩོད་བྱས་པ་དང་། འགྲན་རྩོད་དྲག་པོ་བྱས་པ་བརྒྱུད་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་གཏན་འཁེལ་བྱས།
རྐང་ཚ་རྫོང་རྒྱ་ཉག་དགོན་པའི་སློབ་ཁྲིད་ལས་བྱེད་མི་སྣ་སྐལ་བཟང་རྒྱ་མཚོར་བྱ་དགའ་ཨང་དང་པོ་ཐོབ།
རྐང་ཚ་རྫོང་ས་ཐོབ་དགོན་པའི་སློབ་ཁྲིད་ལས་བྱེད་མི་སྣ་རིག་འཛིན་སྤྲོས་བྲལ་རྡོ་རྗེ་དང་འཇུ་ལག་རྫོང་བྱེ་སྣ་སྔོ་ལྡང་གྲོང་རྡལ་འགག་ལུང་གོང་མའི་དབྱི་སི་ལམ་དགོན་པའི་སློབ་ཁྲིད་ལས་བྱེད་མི་སྣ་མཱ་ཅུན་ཐེན་ལ་བྱ་དགའ་ཨང་གཉིས་པ་ཐོབ།
འཇུ་ལག་རྫོང་བྱེ་སྣ་སྔོ་ལྡང་གྲོང་རྡལ་འགག་ལུང་གོང་མའི་དབྱི་སི་ལམ་དགོན་པའི་སློབ་ཁྲིད་ལས་བྱེད་མི་སྣ་མཱ་ཞའོ་ལོན་དང་མདོ་ལ་རྫོང་དབྱི་སི་ལམ་དགོན་པའི་སློབ་ཁྲིད་ལས་བྱེད་མི་སྣ་མཱ་གོ་དབྱི། རྐང་ཚ་རྫོང་དཔོན་ཚང་གོང་མ་དགོན་པའི་སློབ་ཁྲིད་ལས་བྱེད་མི་སྣ་ཐུབ་བསྟན་རིན་ཆེན་གྲགས་པ་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ།