རྐང་ཚ་རྫོང་གིས་ནུས་ཁུངས་གསར་བའི་སྤྱི་སྤྱོད་རླངས་འཁོར་རྩིས་སྤྲོད་བྱས་པའི་འགོ་ཚུགས་མཛད་སྒོ་འཚོགས།
发布时间:2024年08月08日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཡོང་ཁུངས། རྫོང་སྲིད་གཞུང་གཞུང་ལས་ཁང་། རྫོང་སྡོད་ཁང་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

 སྤྱི་ཟླ8པའི་ཚེས5ཉིན། རྐང་ཚ་རྫོང་གིས་ནུས་ཁུངས་གསར་བའི་སྤྱི་སྤྱོད་རླངས་འཁོར་རྩིས་སྤྲོད་བྱས་པའི་འགོ་ཚུགས་མཛད་སྒོ་འཚོགས་པ་རེད། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཧུང་མུན་མེན་མཛད་སྒོར་ཞུགས་ཤིང་ཤིས་ཚིག་ཕུལ། རྫོང་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཅུ། རྫོང་འཕེལ་རྒྱས་བཅོས་སྒྱུར་བཟོ་ལས་ཆ་འཕྲིན་དང་ཚོང་དོན་ཅུ། རྫོང་མཚོ་ངོགས་སྤྱི་སྤྱོད་རླངས་འཁོར་ཚད་ཡོད་ཀུང་སི་བཅས་ཀྱི་བློ་མཐུན་འགན་འཁུར་བ་གཙོ་བོ་དང་ཁེ་ལས་ཁག་གི་འཐུས་མི་འགོ་ཚུགས་མཛད་སྒོར་ཞུགས།

图片

  ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གི་མཁར་གྲོང་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་བྱེད་པའི་རླངས་འཁོར་རྙིང་བས་ཉིན་རྒྱུན་གྱི་སྣུམ་འགྲོ་ཚད་མང་ཞིང་ཞིག་གསོ་མང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྡོད་དམངས་བགེགས་མེད་འགྲིམ་འགྲུལ་གྱི་དགོས་མཁོ་བསྐང་ནས་མ་རྐང་སྒོར་ཁྲི466ལྷག་ཙམ་བཏང་ཞིང་། རིང་ཚད་ལ་སྨི8ཡོད་པའི་ནུས་ཁུངས་གསར་བའི་གློག་སྒུལ་སྤྱི་སྤྱོད་རླངས་འཁོར6ཉོ་སྒྲུབ་བྱས།ནུས་ཁུངས་གསར་བའི་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་གྱི་མ་ལག་ཧྲིལ་བོའི་འགོག་སྲུང་བདེ་འཇགས་ཡིན་ཞིང་ནང་ཁོད་འོས་འཚམ་པ། ཁ་ལོ་བའི་བཀོལ་སྤྱོད་བདེ་ཞིང་འདུག་གནས་སྐྱིད་པ།  བདེ་འཇགས་དང་། བློས་འགེལ་བ། ནུས་ཁུངས་གྲོན་ཆུང་། ཤེས་ནུས། ཁོར་ཡུག་སྲུང་སྐྱོབབཅས་ཀྱི་བཟང་ཆ་ལྡན། ཐེངས་འདིར་རྩིས་སྤྲོད་བྱས་པའི་ནུས་ཁུངས་གསར་བའི་གློག་སྒུལ་སྤྱི་སྤྱོད་རླངས་འཁོར6བེད་སྤྱོད་བཏང་རྗེས། རང་རྫོང་གི་ནུས་ཁུངས་གསར་བའི་སྤྱི་སྤྱོད་རླངས་འཁོར་གྱིས་བསྡུར་ཚད54%ཟིན་ཡོད།图片


   ཧུང་མུན་མེན་གྱིས་ཤིས་ཚིག་ཕུལ་སྐབས།ནུས་ཁུངས་གསར་བའི་སྤྱི་སྤྱོད་རླངས་འཁོར་རྩིས་སྤྲོད་བྱས་པ་དེ་ནི་རྐང་ཚ་རྫོང་གི་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་གཏོང་བའི་བྱ་ཐབས་གལ་ཆེན་ཞིན་ཡིན་ལ། རྐང་ཚ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་ལྗང་མདོན་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་དུ་བསྟར་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་རེད། རྐང་ཚ་རྫོང་གི་སྤྱིའི་འགྲུལ་ཁྱབ་ཁོངས་སུ་དུས་རབས་ལ་དོན་སྙིང་ལྡན་པའི་གོམ་སྟབས་ཤིག་སྤོས་པ་མཚོན་ཡོད་ལ། སྡོད་དམངས་ཀྱི་འགྲོ་འོང་ལ་མཐུན་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་གྱི་སྣང་བརྙན་མཐོ་རུ་གཏོང་རྒྱུ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། 

  ཧུང་མུན་མེན་གྱིས་རྫོང་འགྲིམ་འགྲུལ་སོགས་སྡེ་ཁག་གི་སྤྱི་སྤྱོད་གཉེར་སྐྱོང་དོ་དམ་ལ་ཤུགས་བསྣན་ནས་ཞབས་ཞུའི་སྤུས་ཚད་མཐོར་འདེགས་དང་། ཚན་རིག་དང་མཐུན་པའི་ལམ་ཐིག་འཆར་འགོད་བཅས་བྱས་ཏེ།ནུས་ཁུངས་གསར་བའི་སྤྱི་སྤྱོད་རླངས་འཁོར་བདེ་འཇགས་དང་། བཀོལ་སྤྱོད་ཆེ་བ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་དགོས་པར་ནན་གྱིས་བསྟན།  དེར་བསྟུན། ནུས་ཁུངས་གསར་བའི་སྤྱི་སྤྱོད་རླངས་འཁོར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་དྲིལ་བསྒྲགས་ཁྱབ་གདལ་ལ་ཤུགས་བསྣན་ཏེ། རྒྱ་ཆེའི་མང་ཚོགས་ལ་བགེགས་མེད་འགྲོ་འོང་འདེམས་རྒྱུར་ཁྲིད་སྟོན་བྱས་ནས། ཐུན་མོང་སྒོས་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ལ་ལེགས་སྐྱེས་སུ་ཕུལ། 

   མ་འོངས་བར། རང་རྫོང་སྤྱི་སྤྱོད་རླངས་འཁོར་འཁོར་སྐྱོད་ཀྱི་སྒྲིག་བཀོད་མུ་མཐུད་དུ་འཐུས་ཚང་གཏོང་བ་དང་། ཞབས་ཕྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ།ནུས་ཤུགས་ཡོད་རྒུས་རྒྱ་ཆེའི་མང་ཚོགས་ཀྱི་འགྲོ་འོང་དགོས་མཁོ་བསྐང་ཞིང་། སེམས་ཤུགས་ཡོད་ཚད་གྱི་དམངས་ལ་ཞབས་འདེགས་ཞུ་བའི་ལེའུ་གསར་བ་ཞིག་བསྐྲུན་རྒྱུའོ།།