རྐང་ཚ་རྫོང་བོད་སྨན་ཁང་གིས2024ལོའི་མཚོ་སྔོན་ཞིང་ཆེན་བོད་སྨན་ལག་རྩལ་འགྲན་སྡུར་ཁྲོད་གྲུབ་འབྲས་མི་དམན་པ་བླངས།
发布时间:2024年08月29日 消息来源:


རྩོམ་སྒྲིག ཚེ་གཟུངས་སྐྱིད།  ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


1.jpg

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ཀྲུང་བོད་སྨན་རྫས་དོ་དམ་ཅུ་དང་རྨ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འགན་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་བོད་སྨན་མཐུན་ཚོགས་དང་རྨ་ལྷོ་ཁུལ་བོད་སྨན་ཁང་། རྨ་ལྷོ་ཁུལ་བོད་ལུགས་གསོ་རིག་མཐུན་ཚོགས་བཅས་ཀྱིས་རོགས་འདེགས་བྱས་པའི2024ལོའི་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་པའི་ལག་རྩལ་འགྲན་སྡུར་བདེ་ལེགས་ངང་མཇུག་སྒྲིལ་ལ། ཞིང་ཆེན་ཡོངས་ཀྱི་བོད་སོག་སྨན་ཁང27ལས་ཕུལ་བྱུང་སྨན་པ73བདམས་ཐོན་བྱུང་ཤིང་། ཁྱད་འཕགས་ཀྱི་རྩལ་ནུས་དང་གཏིང་ཟབ་པའི་ནང་དོན་ལ་བརྟེན་ནས་ཐུན་མོང་སྒོས་བོད་སྨན་གྱི་སྲོལ་རྒྱུན་དཔྱད་བཅོས་ཀྱི་འགུག་ཤུགས་མངོན། 

2.jpg

ཐེངས་འདིའི་འགྲན་སྡུར་རྣམ་གྲངས་ལ་དབྱུག་བཅོས་དང་སྐུ་མཉེ། མེ་བུམ་སོགས་ཀྱི་བཅོས་ཐབས་ལག་རྩལ་ཁག3ཡོད་པ་དང་། རྨང་གཞིའི་གཞུང་ལུགས་དང་རྩལ་ནུས་བཀོལ་སྤྱོད་གཉིས་སུ་དབྱེ་ཡོད། རྐང་ཚ་རྫོང་བོད་སྨན་ཁང་གིས་སྨན་པ2བདམས་ནས་འགྲན་བསྡུར་དུ་ཞུགས་ཤིང་། ཛ་དྲག་གི་འགྲན་བསྡུར་བརྒྱུད་དེ་ཕྱོགས་བསྡུས་ཁོག་ནད་ཚན་ཁག་གི་རྡོ་རྗེ་དོན་གྲུབ་ལ“སྐུ་མཉེ་བཅོས་ཐབས་ཀྱི་བྱ་དགའ”ཐོབ་པ་དང་ནད་མེད་ཚེ་སྲུང་ཚན་ཁག་གི་ཀླུ་འབུམ་ཚེ་རིང་ལ“མི་སྒེར་གྱི་ཕུལ་བྱུང་བྱ་དགའ”ཐོབ།

3.jpg

རྐང་ཚ་རྫོང་བོད་སྨན་ཁང་གིས་ཐེངས་འདིའི་རྩལ་ནུས་འགྲན་སྡུར་གྱི་བྱེད་སྒོའི་གོ་སྐབས་དང་བསྟུན་ནས། འགྲན་སྡུར་གྱིས་སློབ་སྦྱོང་ལ་ཡར་སྐུལ་དང་སློབ་སྦྱོང་གིས་ཡར་ཐོན་ལ་སྐུལ་འདེད་བྱས་ཏེ།  མུ་མཐུད་དུ་བོད་ལུགས་གསོ་རིག་གི་སྨན་བཅོས་ལག་རྩལ་ཆུ་ཚད་ཇེ་མཐོར་བཏང་སྟེ་བོད་སྨན་གྱི་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་རྒྱུ་རེད།

4~1.jpg