ལམ་ཆད་འདུག བྱ་གླིང་དང་། རྟ་ནག་མ། རྐང་ཚར་བསྐྱོད་མཁན་གྱིས་ལྟོས།
发布时间:2024年09月02日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ9པའི་ཚེས2ཉིན་གྱི་ཐོ་རེངས་སུ། དྲག་ཆར་བབས་པའི་རྐྱེན་གྱིས་ཞིང་ཆེན་ལམS208(དེ་སྔའི་མཚོ་སྐོར་ནུབ་ལམ)ཀྱི67km+800Mཡི་ཟམ་པ་ཆུ་ལོག་གིས་ཁུར་བ་དང་བགྲོད་ལམ་ཆད་ནས་ཤར་གཏོང་ཐུབ་པའི་ཆ་རྐྱེན་འཛོམས་མེད་པ་རེད།

འགྲོ་འོང་བྱེད་པའི་རླངས་འཁོར་གྱི་བདེ་འཇགས་ལ་འགན་ལེན་བྱ་ཆེད། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་གོང་གསལ་གྱི་ལམ་དུམ་ལ་ཕྱོགས་གཉིས་ནས་འགྲིམ་འགྲུལ་བཀག་སྡོམ་ལག་བསྟར་བྱས་ཡོད་པས། བྱ་གླིང་དང་རྟ་ནག་མ། རྐང་ཚ་བཅས་ཀྱི་ཕྱོགས་སུ་བསྐྱོད་པའི་རླངས་འཁོར་གནས་སྐབས་སུ་ཕྱིར་སྐྱོད་ཕྱིར་འགྱངས་བྱེད་པའམ་ཡང་ན་ཉི་མ་བདམས་ནས་ཕྱིར་སྐྱོད་བྱེད་དགོས། བགྲོད་ལམ་གྱི་གནས་ཚུལ་ཆ་འཕྲིན་ལ་དུས་དང་རྣམ་པ་ཀུན་ཏུ་དོ་སྣང་བྱེད་པར་འཚལ།

图片


图片


图片


图片