རྐང་ཚ་རྫོང་གི་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་སློབ་འགོ་འཚོགས།
发布时间:2024年09月03日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྫོང་འཕེལ་རྒྱས་བཅོས་བསྒྱུར་བཟོ་ལས་ཚོང་དོན་ཆ་འཕྲིན་ཅུ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


རྫོང་ཡོངས་ཀྱི་ལས་བྱེད་པའི་དཔུང་ཁག་གི་ཆེད་ལས་ནུས་པ་སྔར་ས་མཐོར་འདེགས་སུ་གཏོང་ཆེད། ཟླ9ཚེས2ཉིནརྒྱལ་ཁབ་ནུས་ཁུངས་ཚོགས་པས་གཞི་རིམ་ལས་བྱེད་པར་ཁ་གཏད་རོགས་སྐྱོར་བྱེད་པའི་རྐང་ཚ་རྫོང་གི་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་དུ་བདེ་བླག་ངང་འགོ་ཚུགས་པ་རེད།   རྐང་ཚ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་མཱཅོན་འཛིན་གྲྭའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་དང་རྫོང་འཕེལ་རྒྱས་བཅོས་སྒྱུར་བཟོ་ལས་ཆ་འཕྲིན་ཅན་དང་ཚོང་དོན་ཅུ་ཡི་ཅུ་ཀྲང་གཞོན་པ་ཕེ་ཀྲི་ཆིང་གིས་འཛིན་གྲྭའི་འགོ་ཚུགས་མཛད་སྒོར་གཙོ་སྐྱོང་གནང་ཞིང་།ཡུལ་ཚོ་དང་གྲོང་རྡལ། སྡེ་ཁག་སོ་སོའི་མི་སྣ55གསོ་སྦྱོང་ནང་ཞུགས།   

图片

 རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ་ནི་རང་རྫོང་གི་ཤེས་ལྡན་མི་སྣའི་དཔུང་ཁག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཁྲོད་མེད་དུ་མི་རུང་བའི་རྨང་གཞིའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ད་རེས་ཀྱི་གསོ་སྦྱོང་རིགས་པའི་གཞུང་ལུགས་སློབ་ཁྲིད+ཡུལ་དངོས་སུ་རྟོག་ཞིབབྱེད་པ་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནསཏང་གི་སྐབས་ཉི་ཤུ་འི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གསལ་འགྲེལདངཡུལ་བབ་དང་བསྟུན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་》《འཛུགས་སྐྲུན་ཡུལ་དངོས་བདེ་འཇགས་ཚོད་འཛིན་གཙོ་གནདསོགས་ཀྱི་ཆེད་ལས་སློབ་ཚན་ལ་དམིགས་ནས་བརྒྱུད་རིམ་རང་བཞིན་གྱི་སློབ་ཁྲིད་བྱ་རྒྱུ་ཡིན་པ་མ་ཟད།   གསོ་སྦྱོང་ནང་ཞུགས་མཁན་དག་སྒྲིག་འཛུགས་བྱས་ཏེ་མཚོ་ཤར་གྲོང་ཁྱེར་དང་དགོན་ལུང་རྫོང་དུ་ཕྱིན་ནས་ཡུལ་དངོས་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ།   

   སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག རྫོང་དཔོན་གཞོན་པ་མཱཅོན་གྱིས་ཐེངས་འདིའི་གསོ་སྦྱོང་ཐད་བསམ་འཆར་གསུམ་བཏོན་པ་སྟེ།

    གཅིག་ནི་གོ་སྐབས་དམ་འཛིན་གྱིས་སློབ་སྦྱོང་ཡག་པོ་བྱེད་པགསོ་སྦྱོང་ནང་ཞུགས་མཁན་གྱི་སློབ་མ་ཚོས་ཐེངས་འདིའི་སློབ་སྦྱོང་གི་གོ་སྐབས་ལེགས་པོ་དམ་འཛིན་བྱེད་པ་དང་།   སློབ་སྦྱོང་ཐད་ལ་རྣམ་འགྱུར་ཡག་པོ་འཛིན་པ། འཆད་ཁྲིད་ལ་ནན་ཏན་གྱིས་ཉན་པ། རང་འགུལ་གྱིས་ལག་ལེན་བཀོལ་སྤྱོད་ནང་ཞུགས་པ། ཧུར་ཐག་གིས་སྦྱངས་ཟིན་པའི་ཤེས་བྱ་དང་རྩལ་ནུས་ཁོང་དུ་ཆུད་པར་བྱེད་པ་བཅས་བྱེད་དགོས།      གཉིས་ནི་སྒྲིག་ཁྲིམས་དང་དོ་དམ་ལ་བརྩི་སྲུང་བྱ་དགོས། གསོ་སྦྱོང་ནང་ཞུགས་མཁན་གྱི་སློབ་མས་གསོ་སྦྱོང་བྱེད་པའི་རིང་གསོ་སྦྱོང་འཛིན་གྲྭའི་སྒྲིག་སྲོལ་ལམ་ལུགས་ཁག་ལ་བརྩི་སྲུང་ནན་པོ་བྱེད་པ་དང་། གསོ་སྦྱོང་དགེ་རྒན་གྱི་དོ་དམ་དང་བཀོད་སྒྲིག་དང་ལེན་བྱེད་པ། དུས་ལྟར་གསོ་སྦྱོང་སློབ་ཁྲིད་ནང་ཞུགས་ནས། རྗེས་སུ་མི་ལུས་པ་དང་སྔ་ལོགདང་སློབ་བྱོལ་མི་བྱེད་པ་བཅས་བྱེད་དགོས། 

    གསུམ་ནི་སྦྱངས་ཟིན་པ་ལག་བསྟར་བཀོལ་སྤྱོད་དང་གསར་གཏོད་ཀྱི་བློ་སྤོབས་ལྡན་པ་བྱ་དགོས། སློབ་སྦྱོང་གི་དམིགས་ཡུལ་ནི་ཉེར་སྤྱོད་བྱ་རྒྱུ་དེ་ཡིན་པ་དང་སྦྱོང་བརྡར་ནང་ཞུགས་མཁན་གྱི་སློབ་མས་སྦྱངས་ཟིན་པའི་ཤེས་བྱ་དང་རྩལ་ནུས་དེ་དོན་དངོས་ཀྱི་ལས་ཀའི་ནང་བེད་སྤྱོད་བྱས་ནས་རང་ཉིད་ཀྱི་ལས་ཀའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་འདེགས་སུ་གཏོང་དགོས།   དུས་མཚུངས་སུ གསར་གཏོད་བྱེད་ཕོད་པ་དང་ཧུར་ཐག་གིས་ལག་རྩལ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་ཏེ་རང་རེའི་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་གལ་ཆེན་འདོན་དགོས།  

གསོ་སྦྱོང་ནང་ཞུགས་མཁན་གྱི་སློབ་མ་དག་གིས། མུ་མཐུད་དུསློབ་སྦྱོང་ལ་ཤུགས་སྣོན་བྱས་ཏེ་གསོ་སྦྱོང་རིང་སློབ་སྦྱོང་བྱས་པ་བརྒྱུད་རང་ངོས་ཀྱི་ལས་སྒོའི་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོའདེགས་སུ་བཏང་ནས་རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བར་ནུས་ཤུགས་ཅི་ལྕོགས་འདོན་རྒྱུ་ཡིན་ཞེས་བསྟན།   

 

为进一步加强全县干部队伍的专业能力,9月2日,由国家能源集团对口支援基层干部刚察县技能人才培训班在西宁城市职业技术学院顺利开班。刚察县政府副县长马俊出席开班仪式并讲话,县发展改革工业信息化和商务局副局长裴志强主持开班仪式,各乡镇、各部门共55名人员参加培训。

技能人才作为我县人才队伍的重要组成部分,是推动县域经济高质量发展中不可或缺的重要基础力量。本次培训将以“理论教学+现场调研”相结合的方式,围绕《党的二十届三中全会精神解读》《因地制宜发展新质生产力》《建筑现场安全控制要点》等专业课程开展系统性讲授,并组织参训人员赴海东市、互助县开展现场教学活动,进一步提升项目工作人员的理论储备和技术水平。

开班式上,副县长马俊对本次培训提出3点意见,珍惜机会,认真学习参训学员们要珍惜这次的学习机会,端正学习态度,认真听讲,积极参与实践操作,努力掌握所学知识和技能。遵守纪律,服从管理。参训学员在培训期间要严格遵守培训班的各项规章制度,服从培训老师的管理和安排,按时参加培训课程,不迟到、不早退、不旷课。三是学以致用,勇于创新。学习的目的在于应用,参训学员要将所学的知识和技能运用到实际工作中,不断提高自己的工作能力和水平。同时,也要勇于创新,积极探索新的技术和方法,为我县的经济发展作出更大的贡献。

参训学员纷纷表示,将认真学习,通过培训学习提升自身业务能力与服务水平,为县域经济高质量发展贡献更大的力量。