མཚོ་བྱང་ཁུལ་རྡུལ་ཕྲན་མཁར་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་ཀྱིས་གནས་སྐབས་སུ་རླངས་འཁོར་གཏོང་མཚམས་འཇོག་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
རྒྱ་ཆེའི་ལམ་མགྲོན་རྣམ་པ།
མདའ་བཞི་རྫོང་གནམ་གཤིས་ལས་ཁུངས་ཀྱིས2024ལོའི་ཟླ9པའི་ཚེས4ཉིན་གྱི་ཆུ་ཚོད00དང་སྐར་མ50ཡི་སྟེང་དྲག་ཆར་འབབ་པའི་ལི་མདོག་ཉེན་བརྡ་དེ་དྲག་ཆར་འབབ་པའི་ཉེན་བརྡ་དམར་པོ་རུ་རིམ་སྤོར་བྱས་པར་གཞིགས་ན། གནམ་གཤིས་ཀྱི་རྐྱེན་གྱིས་ས་གཤིས་ལ་གནོད་འཚེ་ཧ་ཅང་འབྱུང་སླ་བ་རེད། འབྲུབ་འགོག་ལས་དོན་གྱི་བླང་བྱ་གཞིར་བཟུང་ནས་རྒྱ་ཆེའི་ལམ་མགྲོན་གྱི་མི་ལུས་བདེ་འཇགས་འགན་ལེན་བྱ་ཆེད། གོང་རིམ་གཙོ་གཉེར་ལས་ཁུངས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཟླ9པའི་ཚེས4ཉིན་མཚོ་བྱང་ཁུལ་རྡུལ་ཕྲན་མཁར་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་ཀྱི་ལམ་ཐིག་ཚང་མ་གནས་སྐབས་འཁོར་སྐྱོད་བྱེད་མཚམས་བཞག་ཡོད་པས།
རྒྱ་ཆེའི་ལམ་མགྲོན་རྣམས་ཀྱིས་ཕྱིར་འགྲོ་བའི་དུས་ཚོད་འོས་མཚམས་བཀོད་སྒྲིག་བྱ་རྒྱུ་གལ། འཛིན་བྱང་ཉོས་ཟིན་པའི་ལམ་མགྲོན་གྱིས་སྔར་གྱི་རྒྱུད་ལམ་ལྟར་འཛིན་བྱང་ཕྱིར་སློག་པའམ་ཡང་ན་རླངས་འཁོར་ས་ཚིགས་ལས་སྒྲུབ་སྒེའུ་ཁུང་ནས་འཛིན་བྱང་ཕྱིར་སློག་ཆོག
ཞིབ་ཕྲའི་སླར་གསོའི་དུས་ཚོད་ནི་གནམ་གཤིས་དང་འགྲོ་ལམ་ཤར་བགྲོད་གནས་ཚུལ་ལ་གཞིགས་ནས་གཏན་འཁེལ་བྱ་རྒྱུ་ཡིན། ཁྱེད་རང་ལ་སྟབས་མི་བདེ་བ་བཟོས་པར་དགོངས་འགལ་མེད་པ་ཞུ། སྐུ་ཉིད་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུ།
བློ་འདྲིའི་ཁ་པར། 0970-8643278
མཚོ་བྱང་ཁུལ་རྡུལ་ཕྲན་མཁར་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་ནས།
2024ལོའི་ཟླ9པའི་ཚེས4ཉིན།