ཟི་ལིང་རླངས་འཁོར་ས་ཚིཊ་ཀྱིས་འགྲུལ་སྐྱེལ་བྱེད་མཚམས་བཞག་པའི་བརྡ་ཐོ།
发布时间:2024年09月05日 消息来源:

རྒྱ་ཆེའི་སྐུ་མགྲོན་རྣམས་ལ་ཞུ་རྒྱུ།   

ཟི་ལིང་གྲོང་ཁྱེར་རང་བྱུང་ཐོན་ཁུངས་འཆར་འགོད་ཅུའུ་དང་ཟི་ལིང་གྲོང་ཁྱེར་གནམ་གཤིས་རྟོག་དཔྱོད་ཅུའུ་གཉིས་ཀྱིས་མཉམ་འབྲེལ་ཐོག་ས་གཤིས་གནོད་འཚེའི་གནམ་གཤིས་འབྱུང་བའི་ཉེན་བརྡ་ཁྱབ་སྒྲོག་བྱས་པར་གཞིགས་ན། ཟི་ལིང་གི་མཁར་བྱང་དང་། མཁར་ནུབ། མཁར་ཤར། མཁར་དཀྱིལ། རྟ་ཐང་རྫོང་། སྐུ་འབུམ་རྫོང་། སྟོང་སྐོར་རྫོང་བཅས་ལ་ས་གཤིས་གནོད་འཚེའི་གནམ་གཤིས་འབྱུང་བའི་ཉེན་བརྡ་རིམ་པ་དང་པོ་བརྒྱབ་ཡོད་ལ། གནམ་གཤིས་གནོད་འཚེ་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ།

རྒྱ་ཆེའི་ཡུལ་སྐོར་བ་རྣམས་ཀྱི་འགྲོ་སྐྱོད་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཟླ9པའི་ཚེས4ཉིན། ཟི་ལིང་རླངས་འཁོར་ས་ཚིགས་ཀྱི་ཁོངས་གཏོགས་ས་ཚིགས་གསུམ་གྱི་ལམ་ཐིག་ཚང་མ་གནས་སྐབས་སྐྱེལ་འདྲེན་བྱེད་མཚམས་བཞག་པས། འགྲུལ་བ་རྣམས་ཀྱིས་འགྲོ་སྐྱོད་ཀྱི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱ་དགོས། པ་སེ་ཉོས་ཟིན་པའི་འགྲུལ་པ་རྣམས་ཀྱིས་དེ་སྔའི་པ་སེ་ཉོ་ས་བརྒྱུད་ནས་དངུལ་ཕྱིར་སློག་གི་རེ་ཞུ་བྱ་ཆོག་ལ། ཚུལ་འདིས་ཁྱེད་ལ་འོ་བརྒྱལ་བྱས་སོང་བས་དགོངས་དག་ཞུ།

རླངས་འཁོར་ས་ཚིགས་ཀྱིས་གནམ་གཤིས་གནས་ཚུལ་ལ་གཞིགས་ནས་འགྲུལ་སྐྱེལ་རླངས་འཁོར་གཏོང་བའི་གནས་ཚུལ་གསར་ཤོས་དུས་ཐོག་ཏུ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པས། “མཚོ་སྔོན་ཞིང་ཆེན་ཟི་ལིང་རླངས་འཁོར་ས་ཚིགས་ཚད་ཡོད་འགན་འཁྲི་ཀུང་སིའི”སྐད་འཕྲིན་སྤྱི་སྟེགས་དང་འཁྱུག་དབྱིངས་སོགས་ལ་མུ་མཐུད་དུ་དོ་ཁུར་གནང་རོགས།

 བློ་འདྲི་ཁ་པར།
 ཟི་ལིང་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས་ས་ཚིགས། 6333006、6333008
 ཞིན་ཉིང་ལམ་འགྲུལ་སྐྱེལ་ས་ཚིགས། 6155795དང་6255835
 ནན་ཁྲོན་ནུབ་ལམ་འགྲུལ་སྐྱེལ་ས་ཚིགས། 6242241དང་6251443
   ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། 
མཚོ་སྔོན་ཞིང་ཆེན་ཟི་ལིང་རླངས་འཁོར་ས་ཚིགས་ཚད་ཡོད་འགན་འཁྲི་ཀུང་སི།
2024ལོའི་ཟླ9པའི་ཚེས4ཉིན།