མཚོ་བྱང་རྐང་ཚས“རིམ་པ་གསུམ་པའི་མཉམ་འགུལ”གྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་རྐང་ཚ་རྫོང་སློབ་གསོ་སྡེ་ཁག་གི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་བྱེད་ནུས་ཀྱི་རྩ་བའི་དམིགས་ཡུལ་མཐོ་རུ་བཏང་ཞིང་། ཀུན་སྤྱོད་འཛུགས་སྐྱོང་དང་། མི་གསོ་སྐྱོང་བྱ་རྒྱུ་དེ་སློབ་གསོའི་ལས་འགན་དང་བོར་དམིགས་ཏེ། “ཏང་ཨུའི་ལས་གནས་ཡོད་པ ” “ཀྲི་པུའུ་ཡི་ལས་གནས་བརྟན་པ” “ཏང་ཡོན་ལ་ལེགས་རྗེས་ཡོད་པའི” “རིམ་པ་གསུམ་པའི་མཉམ་འགུལ”གྱི་ཏང་འཛུགས་སྐྱོང་གི་ལས་དོན་ལམ་སྲོལ་བཙུགས་པ་བརྒྱུད་ནས་མི་དམངས་ཀྱི་འདོད་བློ་ཚིམ་པའི་སློབ་གསོ་ཧུར་ཐག་གིས་བསྒྲུབས་ཤིང་། རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་ཡོང་བར་མཁོ་འདོན་བྱས་ཡོད།
རྐང་ཚ་རྫོང་གིས་རྩ་འཛུགས་མ་ལག་འཐུས་ཚང་དུ་བཏང་ནས་ལས་དོན་རྨང་གཞི་ཇེ་བརྟན་དུ་བཏང་ཡོད། སློབ་གསོ་ཅུའི་ཏང་ཨུ་ཡིས་ཏང་རྩ་འཛུགས་འགོ་ཁྲིད་བྱེད་པའི་སློབ་གཙོའི་འགན་འཁྲིའི་ལམ་ལུགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། “ཁ་ཕྱོགས་འཛིན་པ” “ཕྱོགས་ཡོངས་ཀྱི་དོ་དམ། ཐབས་ཇུས་འདོན་པ། ཚན་ཁག་དམ་འཛིན་བྱེད་པ། དཔུང་སྡེ་ལ་སྣེ་ཁྲིད་པ། དོན་འཁྱོལ་འགན་ལེན་བྱེད་པ”བཅས་ཀྱི་ལས་དོན་དམིགས་ཚད་ལྟར།《རྐང་ཚ་རྫོང་གིས་དུས་རབས་གསར་བའི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ལག་བསྟར་བསམ་ཚུལ》དང་ཟུང་འབྲེལ་བྱས་ཏེ། 《རྐང་ཚ་རྫོང་གིས་སློབ་གྲྭ་ཆུང་འབྲིང་གི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་པའི་སློབ་གཙོའི་འགན་འཁྲིའི་ལམ་ལུགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལས་དོན་ཇུས་གཞི》གཏན་འབེབས་བྱས་པ་དང་། ཅུ་ཡི་ཏང་ཨུའི་ཚོགས་འདུ་རྩ་འཛུགས་དུས་བཅད་བྱས་ཏེ། སློབ་གྲྭའི་ཏང་འཛུགས་སྐྱོང་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ། སྒེར་ཚུགས་ཀྲི་པུའུ་དང་མཉམ་འབྲེལ་ཀྲི་པུའུ་འཛུགས་པའི་བྱེད་ཐབས་སྤྱད་དེ་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་ཤུགས་བསྣན་དེ། སློབ་གྲྭ་ཆུང་འབྲིང་(བྱིས་སྐྱོང་ཁང་)གི་ཏང་རྩ་འཛུགས་དང་ཏང་གི་ལས་དོན100%ཁྱབ་ཡོད། སློབ་གྲྭའི་ཏང་ཀྲི་པུའུ་དང་སློབ་གྲྭའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིས“ཕྱོགས་གཉིས་ཀར་ཞུགས་པ་དང་ཕན་ཚུན་གྱི་ལས་འགན་འཁུར་རྒྱུ”ཁྱབ་སྤེལ་བྱས། རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་(བྱིས་སྐྱོང་ཁང་)གི་ཧྲུའུ་ཅི་དང་། སློབ་(གླིང་)གཙོ9དང་། སློབ་གྲྭ་ཆུང་འབྲིང་ལ་ཆེད་གཉེར་ཧྲུའུ་ཅི་གཞོན་པ5བཀོད་སྒྲིག་བྱས་ཡོད། ཉེ་བའི་ལོ་གསུམ་གྱི་རིང་ལ། སློབ་ (གླིང་)གཙོ་ 20བཀོད་སྒྲིག་བྱས་པ་དང་རྗེས་གྲབས་ལས་བྱེད་པ56འོས་སྦྱོར་བྱས་ཡོད།
རྫོང་དེས་ལམ་ལུགས་འཛུགས་སྐྱོང་འཐུས་ཚང་དུ་བཏང་སྟེ། ལས་དོན་འཁོར་སྐྱོད་འགན་ལེན་བྱས་པ། སློབ་གྲྭའི་ཀྲི་པུའུ་ཁག་གིས་ཏང་གི་འགོ་ཁྲིད་དེ་སློབ་གཉེར་སློབ་གྲྭ་སྐྱོང་བ་དང་ཀུན་སྤྱོད་སྐྱེད་སྲིང་གི་བརྒྱུད་རིམ་ཧྲིལ་བོ་དང་ཁྱབ་ཁོངས་ཧྲིལ་བོར་ཁྱབ་པ་མཐའ་འཁྱོངས་བྱས་ཏེ།སློབ་གྲྭའི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་སློབ་(གླིང་)གཙོའི་གཞུང་སྒྲུབ་ཚོགས་འདུ་སོགས་ཀྱི་ཚོགས་འདུའི་ལམ་ལུགས་དང་གྲོས་དོན་སྒྲིག་སྲོལ་བཟོ་བཅོས་བྱས་ནས་འཐུས་ཚང་དུ་བཏང་བ་དང་། དོན་ཚན་གལ་ཆེའི་ཐབས་ཇུས་དང་བསྐྱར་གྲོས་ཆ་རྐྱེན་སོགས་གོ་རིམ་ཚད་ལྡན་དང་ཞིབ་ཚགས་སུ་བཏང་སྟེ། སློབ་གྲྭའི་ནང་ཁུལ་གྱི་འཁོར་སྐྱོད་སྒྲིག་སྲོལ་འཐུས་ཚང་དུ་གཏོང་རྒྱུར་ཤུགས་བསྣན་པ་རེད། ལས་སྒྲུབ་སྙན་ཞུ་ཞིབ་བསྡུར་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། སློབ་གསོ་ཅུས་ཏང་ཨུའི་དུས་བཅད་ལྟར་སློབ་གྲྭའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ཆེད་དོན་ལས་སྒྲུབ་སྙན་ཞུར་ཉན་ཞིང་། ལས་སྒྲུབ་སྙན་ཞུའི་དཔྱད་བསྡུར་ལ་བརྟེན་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་ལ་དོན་འཁྱོལ་ནན་མོ་བྱས་ཏེ། ཀྲི་པུའུ་ཁག་གིས་ནོར་དོན་དང་། རྒྱུ་ནོར་རོགས་སྐྱོར། མི་དོན་སོགས་ཀྱི་ལས་དོན་བརྒྱུད་རིམ་ཞིབ་ཚགས་སུ་བཏང་སྟེ། ཉེན་འགོག་ཚོད་འཛིན་བྱེད་ས་བཙུགས་པ། དུས་བཅད་ཉེན་བརྡའི་སློབ་གསོ་དང་ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་ལས་དོན་སྤེལ་ཞིང་། ཏང་གི་ལས་དོན་ཡོངས་བསྒྲགས་དང་སློབ་གྲྭའི་ལས་དོན་ཡོངས་བསྒྲགས་ལག་བསྟར་བྱས་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱས་ཏེ། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་ལས་དོན་སྔར་ལས་མཐོར་འདེགས་དང་། གྲུབ་འབྲས་སྔར་ལས་བཟང་བོའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
རྐང་ཚ་རྫོང་གིས་དཔུང་སྡེ་དོ་དམ་ལ་ཤུགས་བསྣན་དེ་ལས་དོན་གྱི་གསོན་ཤུགས་ཡར་སྐུལ་བྱེད་པ། རྐང་འཛིན་དགེ་རྒན་རྣམས་ཏང་ཡོན་ཅན་དུ་གསོ་སྐྱོང་བྱས་ཤིང་། ཏང་ཡོན་དགེ་རྒན་རྣམས་དོ་དམ་དང་། ཁྲིད་སྟོན། སློབ་དཔྱོད་བཅས་ཀྱི་རྐང་འཛིན་དུ་གསོ་སྐྱོང་བྱེད་པའི “ གསོ་སྐྱོང་གཉིས ” ལམ་སྲོལ་ཧུར་ཐག་གིས་ཁྱབ་སྤེལ་བཏང་སྟེ། ཏང་ཡོན་ཚད་ལྡན་ཅན་དུ་འཕེལ་རྒྱས་སུ་གཏོང་བ་དང་། ཏང་ཡོན་གྱི་ལས་ཞུགས་མིང་རྟགས ཅོག་ངོས་སུ་འགོད་པར་གཏན་འབེབས་བྱེད་པ། ཏང་ཡོན་གྱི་ལས་འགན་གསལ་བོར་འགོད་པ། ཏང་ཡོན་གྱི་ཁས་ལེན་ཡོངས་བསྒྲགས་བྱེད་པ། ཏང་ཡོན་དོ་དམ་ལ་ཤུགས་སྣོན་པ་བཅས་བརྒྱུད་ནས། ཏང་ཡོན་གྱི་དཔེ་སྟོན་སློབ་ཁྲིད་དང“ངས་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ”“དྲོ་ཞིང་འཇམ་པའི་དཔྱིད་དུས་ཀྱི་སློབ་རར་གཅེས་སྐྱོང་བྱ ” སོགས་ཀྱི་བྱེད་སྒོ་སྤེལ་ནས“ཏང་ཡོན་གཅིག་ལ་དར་ཆ་གཅིག” གི་དཔེ་བཟང་ནུས་པ་ཁྱོན་ཡོངས་ནས་འདོན་སྤེལ་བྱས་ཡོད། “ཁྱད་ཆོས་བཞི་ལྡན་གྱི་དགེ་རྒན”དང་“མཛུབ་སྟོན་བཞི་འཛོམས་པའི་སྣེ་ཁྲིད”ཀྱི་བླང་བྱ་གཞིར་བཟུང་སྟེ། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལ་སྐུལ་འདེད་ནན་མོ་གཏོང་རྒྱུ་དང་། དགེ་རྒན་གྱིས་བསམ་བློའི་ཆབ་སྲིད་སློབ་སྦྱོང་དང་། གསོ་སྦྱོང་གསོ་སྐྱོང་། ལག་ལེན་སྦྱོང་བརྡར་སོགས་ཀྱི་ལས་དོན་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲིའི་ལས་དོན་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་ཡོང་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།
ཉེ་བའི་ལོ་གསུམ་གྱི་རིང་ལ། རྐང་ཚ་རྫོང་གིས་ཏང་ཡོན་དགེ་རྒན24འཕེལ་རྒྱས་སུ་བཏང་བ་དང་། ཏང་ཡོན་གཙོ་བོར་བྱས་པའི་རྐང་འཛིན་དགེ་རྒན་དང་སློབ་སྟོན་དགེ་རྒན 40ལྷག་ཙམ་གསོ་སྐྱོང་བྱས་ཤིང་། དགེ་རྒན200ལྷག་ཙམ་ལ་ཞིང་ཆེན་དང་ཁུལ། རྫོང་གི་ཏང་ཨུའི་སྲིད་གཞུང་དང་དེ་བཞིན་གཙོ་གཉེར་སྡེ་ཁག་གི་གཟེངས་བསྟོད་ཐོབ། (དེའི་ནང་དུ་ཏང་ཡོན་གྱིས 60%བཟུང་ཡོད)ཏང་ཡོན་གྱིས་སློབ་མ1400ལྷག་ཙམ་ལ་རོགས་སྐྱོར་བྱས་ཡོད་ལ། གནས་གཅིག་ནས་ཁྱོན་འཁྲིད་པ་དང་སྔོན་ལ་སྣེ་ཁྲིད་པ། ལས་ལ་དགའ་ཞིང་བརྩོན་པ། རང་འགན་དང་དུ་ལེན་པ་བཅས་ཀྱི་སྤུས་ཚད་ལྡན་པའི་དགེ་རྒན་གྱི་དཔུང་སྡེ་ཞིག་ཆགས་ཡོད།