རྐང་ཚ་རྫོང་གིས་སྨན་བཅོས་འགན་བཅོལ་ཞབས་ཞུ་འཛུགས་སྐྱོང་བྱས་ཏེ་དམངས་ཚིས་བདེ་སྐྱིད་བསྐྲུན་པར་རོགས་འདེགས་བྱས།
刚察:打造医保服务“最短半径”构建民生福祉最强支撑
发布时间:2024年09月11日 消息来源:

 

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡིག་བསྒྱུར།   མགོན་པོ་རབ་བརྟན།  ཡོངས་ཁུངས།   རྐང་ཚའི་རྫོང་ཨུ་དྲིལ་སྒྲོག་པུ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།



 

 ད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་སྨན་བཅོས་འགན་བཅོལ་ཁོངས་གཏོགས་ཀྱིསསྣེ་ཁྲིད་གཅིག་དང་མཐོར་གཏོང་བཞིའིལས་དོན་སྤེལ་བ་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་།  ལས་སྒོ་སྒྲུབ་གཉེར་ལས་དོན་ཡག་པོ་སྒྲུབ་པ།  སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་ལྟ་སྐུལ་དོ་དམ་ཏན་ཏིག་བྱེད་པ་བཅས་ཕྱོགས་གསུམ་གྱི་ཐད་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་འགན་བཅོལ་ཞབས་ཞུཚངས་ཕྱེད་ཐུང་ཤོས་བཏོད་དེ་ཞབས་ཞུ་ཚད་ལྡན་ཅན་དང་།  གནད་སྨིན་ཅན།  གོ་ཆོད་རང་བཞིན་ཅན་བཅས་ལ་སྐུལ་འདེད་བཏང་བ་རེད།   

སྨན་བཅོས་འགན་བཅོལ་ཞབས་ཞུའི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ཐོག  རྣམ་པ་མང་པོའི་སྒོ་ནས་སྲིད་ཇུས་སྒྲོག་སྤེལ་བྱེད་པ།  དྲ་ཐོག་དང་དྲ་ཕྱི ཟུང་འབྲེལ་གྱིས་དྲིལ་བསྒྲགས་ཐབས་ལམ་རྒྱ་ཆེར་བཏང་ནས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པ་བརྒྱུད་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བ་དང་ཕན་འབྲས་དངོས་ཐོན་སྒོས་སྐུལ་འདེད་བཏང་སྟེ་སྨན་བཅོས་འགན་བཅོལ་གྱི་དྲིལ་བསྒྲགས་ལས་དོན་དེ་མང་ཚོགས་དང་སྔར་བས་འབྲེལ་འདྲིས་ཐུབ་པ་དང་དེ་བས་ཀྱང་དྲོ་སྐྱིད་ལྡན་པ་ཞིག་ཡོང་བ་བྱ་རྒྱུ།   མིག་སྔའི་བར། སྲིད་ཇུས་སྒྲོག་འགྲེལ་ཐེངས10བྱས་པར་མང་ཚོགས་མི་ཐེངས500ལྷག་ཙམ་ལ་ཕན་ཐོགས་བྱུང་བ་དང་། འཕྲེད་འགེལ་སྦྱར་ཡིག8བཀལ་ལ།  དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་དངོས་པོ1500ལྷག་ཙམ་བཀྲམ།  སྤྱི་སྟེགས་སུ་ཁྱོན་ཆ་འཕྲིན252ཡོངས་བསྒྲགས་བྱས་པ་དང་། ལྟ་ཀློག་བྱེད་ཚད་མི་ཐེངས9000ལྷག་ཙམ་ཟིན་ལ།  བརྒྱུད་འགོད་བྱེད་ཚད་ཐེངས་མི་ཐེངས500ལྷག་ཙམ་ཟིན་ཡོད་པ་རེད།   

དཔུང་ཁག་གི་ཕན་ནུས་ཆེ་རུ་འགྲོ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་བྱ་ཐབས་ཆེན་པོའི་ཐོག་ནས་ཞབས་ཞུའི་ཆུ་ཚད་ཇེ་ལེགས་སུ་བཏང་་སྟེ། དྲ་ཐོག་དང་དྲ་ཕྱི ཟུང་འབྲེལ གྱི་སྨན་བཅོས་འགན་བཅོལ་ཞབས་ཞུའིཕྱོགས་བསྡུས་སྒྲོམ་ཞབས་ལམ་ལུགསཁྱབ་གདལ་བཏང་ནས། ཞབས་ཞུ་མ་ཞུས་གོང་དུཞབས་ཞུ་སྐར་ཁུང་གཅིག་ནས་བདག་སྤྲོདདང་།  རྒྱབ་སྟེགས་ནས་ཁག་བགོས་མཉམ་སྒྲུབ་བྱེད་པ།  གཅིག་འཐུས་རྣམ་པབཅས་ཀྱི་སྟེང་ཞབས་ཞུ་མངོན་འགྱུར་ཡོང་བ་བྱ་རྒྱུ།   དེ་དང་ཆབས་ཅིག  ལས་སྒྲུབ་དུས་བཅད་ཇེ་ཐུང་དུ་གཏོང་བ་དང་རེ་ཞུའི་དཔྱད་ཡིག་སྟབས་བདེ་རུ་གཏོང་བ། ཁྱོན་ཡོངས་ནས་གྲངས་གཞི་གོང་རིམ་དུ་གཅིག་སྡུད་དང་ཞབས་ཞུའི་རྣམ་པ་གཏན་འཇགས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་ངཏང་།    མིག་སྔའི་བར།  སྨན་བཅོས་འགན་བཅོལ་གཉེར་སྐྱོང་ཞབས་ཞུ་ལྟེ་གནས་ཀྱིས་བློ་འདྲི་སྣ་ཚོགས་བདག་སྤྲོད་བྱེད་ཚད་ཁྱོན་མི་ཐེངས2600ལྷག་ཙམ་ཟིན་པ་དང་།   གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བའི་གཅོང་ནད་ཀྱི་ཐོ་འགོད་སྙན་སེང་མི་གྲངས609ཟིན་པ་དང་མི་ཐེངས3810བསྡོམས་རྩིས་བརྒྱབ།   གྲོང་བརྡལ་དང་ཡུལ་ཚོའི་སྡོད་དམངས་ཀྱི་གཅོང་ནད་ཐོ་འགོད་སྙན་སེང་མི་གྲངས89ཟིན་པ་དང་མི་ཐེངས2649བསྡོམས་རྩིས་བརྒྱབ།   ཞིང་ཆེན་གཞན་དུ་སྨན་བཅོས་བྱེད་མཁན་གྲོང་བརྡལ་དང་ཡུལ་ཚོའི་ལས་བཟོ་བའི་ཐོ་འགོད་སྙན་སེང་ཞུས་པའི་མི་གྲངས111ཟིན་པ་དང་མི་ཐེངས5776ལ་ཐད་ཀར་བསྡོམས་རྩིས་བརྒྱབ།   གྲོང་བརྡལ་དང་ཡུལ་ཚོའི་སྡོད་དམངས་ ཞིང་ཆེན་གཞན་དུ་སྨན་བཅོས་བྱེད་པར་ཐོ་འགོད་སྙན་སེང་བྱས་པའི་མི་གྲངས84ཡོད་པ་དང་མི་ཐེངས395ཐད་ཀར་བསྡོམས་རྩིས་བརྒྱབ་ཡོད་པ་རེད།  

ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་རྒྱུད་དམ་དུ་བཟུང་ནས་ཐེབས་རྩའི་ལྟ་སྐུལ་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་ནས།  སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་ལྟ་སྐུལ་དོ་དམ་མ་ལག་སྔར་བས་བསྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བ་དང་།  གཟབ་ནན་ནུས་ལྡན་གྱི་ཐེབས་རྩའི་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ།  ཉེན་ཟོན་ཐེབས་རྩ་ཧམ་བཟུང་གཞན་སྤྱོད་དང་།  རྩིས་ཐོའི་དངུལ་ཆད་འགྱངས་སྔོན་འགོག་བྱེད་པ།  མགོ་སྐོར་གཡོ་ལེན་བཅས་ཀྱི་དོན་ཆེན་གསུམ་རྡུང་རྡེག་ནན་པོ་བཏང་ནས།  སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་ལྟ་སྐུལ་དོ་དམ་ལམ་ལུགས་ཀྱི་སྒྲོམ་གཞི་རྒྱུན་ཆད་མེད་པར་ཚགས་དམ་དུ་གཏོང་དགོས།   མིག་སྔར།  ཁྱོན་ཞིབ་བཤེར་ཐེངས6བྱས་ནས་རྫོང་ཁོངས་ནང་ཁུལ་གྱིགཏན་འཁེལ་གཉིསཀྱི་སྨན་བཅོས་སྒྲིག་གཞི19ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་དང་།   ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་འབྲེལ་ཡོད་གྲོས་ཚོགས་ཐེངས་8དང་།  གསོ་སྦྱོང་ཚོགས་འདུ་ཐེངས1འཚོགས།  


   今年以来,青海省海北藏族自治州刚察县医保系统坚持以“一引领四提升”工作法为核心,在做好医保政策宣传、做优业务经办工作、做实医保基金监管三方面下功夫,打造医保服务“最短半径”,推动服务标准化、精准化和可及性。

   紧筑医保服务之基,多形式开展政策宣传。“线上+线下”拓宽宣传渠道,以群众喜闻乐见的方式推进医保政策宣传活动走深走实、见行见效,让医保宣传更接地气、更有温度。截至目前,共开展政策宣讲10场次,惠及群众500余人次;悬挂横幅8条,发放宣传册及宣传品1500余份;公众号共发布252篇信息,阅读量达9000余次,转载量达500余次。

   紧抓队伍强化之效,大举措优化服务水平。推行“线上+线下”医保服务“综合柜员制”,实现服务前“一窗受理”、后台分办联办、“一站式”服务。同时,压缩办理时限、简化申请材料,全力推动数据向上集中、服务向下沉淀。截至目前,医保经办服务中心受理各类咨询共计2600余人次;城镇职工慢病备案人数609人,结算3810人次;城乡居民慢病备案人数89人,结算2649人次;跨省异地就医城镇职工备案人数111人,直接结算5776人次;城乡居民跨省异地就医备案人数84人,直接结算395人次。

   紧绷风险防控之弦,全方位加强基金监管。进一步改革完善医保基金监管体系,健全严密有力的基金监管机制,全力以赴抓实抓好防范基金挤占挪用、防止拖欠账款、严厉打击欺诈骗保等三件大事,不断织密扎牢医保基金监管的制度笼子。目前,共组织检查6次,县域内19家“两定”医药机构检查实现全覆盖;召开基金监管相关会议8次、培训会1次。