ཚལ་རིགས་ཐ་སྙད་སྐོར་ལ་ཆེས་དམིགས་སུ་བཀར་ནས་བཀས་བཅད་གནང་བའི་བརྡ་ཆད་མཐོང་རྒྱུ་དཀོན་པ་དང་། ཟ་ཁང་ཁག་ཏུ་རྒྱུན་མཐོང་གི་ཚལ་ཐོ་བསྒྱུར་འཛོལ་མང་བ། དག་ནོར་མང་བ་བཅས་ཀྱི་གནས་ཚུལ་མཐོང་བཞིན་འདུག །
དེ་སྔོན་གྱི་ཚལ་རིགས་བདུན་ཅུ་ལྷག་གི་སྟེང་གསར་དུ་ཚལ་རིགས་བརྒྱད་ཅུ་ལྷག་ཙམ་ཞིག་གསར་སྣོན་བྱས་ཡོད་པས། གནས་སྐབས་འདི་དཔྱད་གཞིར་འཕུལ་བས། སྐབས་ཅིག་ཕན་གདགས་པའི་རེ་བ་ཡོད།
ཕྱིས་བཀས་བཅད་བྱུང་ཚེ་ངེས་པར་དུ་བཀས་བཅད་ལ་བསྟུན་གང་ཐུབ་གནང་རོགས་ཞུ་བ་ཡིན།
སླད་ཁྱེད་རྣམས་ཀྱི་ཚོང་ལས་དར་ཞིང་རྒྱས་པའི་སྟེང་ཟ་ཁང་གི་གྲུ་ཟུར་ཀུན་ནས་མ་ནོར་དག་པའི་བོད་ཡིག་མཐོང་ཐུབ་པའི་སེམས་ཤུགས་ཤིག་ཀྱང་སྐྱོན་གནང་རོགས་ཞུ་རྒྱུ་ཡིན།
རིན་སྤུངས་ཉི་མ་དོན་གྲུབ་ནས།