སྲོག་ཆགས་གཡི་ལ་ལྟ་ཞིབ་ཚད་ལེན་ཐེངས་དང་པོ་བྱས།
发布时间:2024年10月14日 消息来源:

图片


1

དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་བཟོ་ལས་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས3.6%འཕར་ཡོད་པ་རེད།

图片


2

ཉིན་ཤས་སྔོན་དུ་རྒྱལ་ཁབ་གཞི་གྲངས་ཅུས་ཀྱིས་སྤྱི་པའི་གྲངས་གཞིའི་ཐོན་ཁུངས་ཀྱི་དབང་བཅོལ་གཉེར་སྐྱོང་ལག་བསྟར་ཚད་གཞི(ཚོད་ལྟའི་ལག་བསྟར)ཐད་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་བསམ་འཆར་བསྡུ་ལེན་བྱས། 

图片
 

3

ད་ལོའི་ཟླ་དང་པོ་ནས་དགུ་པའི་བར། རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་དང་ཕྱིར་ཚོང་བྱེད་ཚད་གཉིས་ཀ་ཁྲི2000ལས་བརྒལ་ཡོད་པ་དང་། དེའི་ཁྲོད་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་ཀྱིས་རླངས་འཁོར་ཕྱིར་ཚོང་བྱེད་ཚད་ཡོངས་ཀྱི40%ཙམ་ཟིན་ཡོད་པ་རེད།

图片


4

རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས“2024ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན500”ཡི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། 2023ལོར་དམངས་གཉེར་ཁེ་ལས་སྟོབས་ཆེན500ཡི་ལས་གཉེར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི41.91ཟིན་པ་དང་། དེ་ལོ་སྔོན་མ་ལས5.22%འཕར་ཡོད་པ་རེད།

图片


5

ཟླ9པར་རྒྱལ་ཡོངས་གྲོང་ཁྱེར་སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་གི་སྟོན་གྲངསCPIདེ་དུས་མཚུངས་ལས0.4%འཕར་ཡོད་པ་རེད།

图片


6

图片

ཚེས12ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱས། 

图片


7

图片

2024ལོའི་ཟླ10ཚེས13ཉིན། རྒྱལ་ཁབ་རིམ་པའི་མཐོང་དཀོན་ཁྱད་འཕགས་ཅན་གྱི་ཆེད་དོན་རིག་གཞུང་ཚོགས་པའི་རྣམ་གྲངས་སྟེ། བོད་ལུགས་གསོ་རིག་གི་ནད་མེད་ཚེ་བསྲིང་རིག་པའི་དཔེ་རྙིང་ཡིག་ཆ་འཚོལ་སྡུད་དང་ཕྱོགས་བསྡུས་ཞིབ་འཇུག་ལས་གཞིའི་ཁ་བྱང་སྙན་ཞུའི་ཚོགས་འདུ་ཟི་ལིང་དུ་བསྡུས། 

图片


8

 

ཚེས13ཉིན། མཚོ་སྔོན་གྱིས་རྒྱལ་སྤྱིའི་གནོད་འཚེ་ཉུང་གཏོང་ཉིན་མོ་ཐེངས35པའི་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་བྱེད་སྒོ་སྤེལ།

图片


9

 

图片

2024ལོའི་ཟླ10ཚེས15ཉིན་ནས་བཟུང་། ཟི་ལིང་གི་རི་སྐྱེས་སྲོག་ཆགས་གླིང་ཀའི་ལས་གཉེར་བྱེད་པའི་དུས་ཚོད་དེ་དགུན་དུས་ཀྱི་དུས་ཚོད་ལྟར་ལག་བསྟར་བྱ་རྒྱ་ཡིན་པ་བསྒྲགས་སྟེ། གཟའ་ཟླ་བ་ནས་གཟའ་པ་སངས་བར་ཆུ་ཚོད900ནས་ཆུ་ཚོད1730བར་དང་། གཟའ་མཇུག་དང་དུས་ཆེན་གུང་གསེང་སྐབས་སུ་ཆུ་ཚོད900ནསཆུ་ཚོད1800བར་ཡིན་པ་རེད།

图片




10

图片

ཉེ་ཆར། མཚོ་སྔོན་པོའི་བྱེ་གླིང་སྲུང་སྐྱོང་ས་ཚིགས་ཀྱི་ལས་དོན་མི་སྣས་བྱེ་གླིང་སྲུང་སྐྱོང་ཁུལ་དུ་སྐོར་ཞིབ་སྲུང་སྐྱོང་བྱེད་སྐབས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་གཡི་ལ་ལྟ་ཞིབ་ཚད་ལེན་ཐེངས་དང་པོ་བྱས་ཡོད་པ་རེད།

图片


11

 

图片

ཚེས14ཉིན་གྱི་ཆུ་ཚོད20ནས15བར་གྱི་ཆུ་ཚོད20ཀྱི་བར་དུ། ཟི་ལིང་གི་ས་ཁུལ་མང་ཆེ་བ་དང་མཚོ་ཤར་གྱི་ས་ཁུལ་མང་ཆེ་བ། མཚོ་ནུབ་ཀྱི་ས་ཁུལ་མང་ཆེ་བར་སྤྲིན་མང་བའམ་གནམ་ཐང་བ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་དུ་ཆར་ཆུང་ཆུང་ངམ་ཧའོ་སྨིད0.1~4བར་གྱི་ཁངས་ཆར་འབབ་པའི་གནམ་གཤིས་ཡོད་པ་རེད།