སྒྲུང་ཐུང་འགྲན་སྡུར་བྱ་དགའ་སྟེར་བའི་མཛད་སྒོ་སྤེལ།
发布时间:2024年10月17日 消息来源:

图片

ཞི་ཅིན་ཕིང་གིས་ཧྥུ་ཅན་དུ་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། དམིགས་ཚད་དམ་པོར་བཟུང་ནས་ལྷོད་གཡེང་མི་བྱེད་པ་དང་འཆར་འགོད་ལག་བསྟར་མཐར་ཕྱིན་བགྱིས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱ་དགོས་ཞེས་གསུངས།

图片


2

ཟླ10བའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧི་གཉིས་ཀྱིས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་དོན་ལྔ་འཁོར་བར་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་།

图片
 

3

ཟླ10ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རུ་དང་ཀྲུང་གོའི་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི2024ལོའི་བྱ་དགའ་གནང་བའི་གསོལ་སྟོན་ལ་ཤིས་ཚིག་སྤྲིངས།

图片


4

图片

ཚེས16ཉིན། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཨང་བཞི་པ་སྤྱད་དེ་སྐར་གྲངས་མཐོ་བའི་སྲུང་སྐར་ཨང12པའི་སྐར་མ05མཁའ་དབྱིངས་སུ་འཕེན་གཏོང་བྱས།

图片


5

ཉིན་འགའི་སྔོན་ལ་ནོར་སྲིད་པུའུ་སོགས་སྡེ་ཁག་གསུམ་གྱིས་མཉམ་དུ་བྱེད་ཐབས་པར་འགྲེམས་བྱས་ཏེ། ད་ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་རྒྱལ་ཡོངས་སུ་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་དེ་དཔྱ་ཁྲལ་ལ་སྒྱུར་བའི་ཚོད་ལྟ་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

图片


6

图片

ཟླ10པའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་དྲུག་པའི་བྱ་དགའ་སྟེར་བའི་མཛད་སྒོ་དངམཚོ་སྔོན་བོད་ཡིག་གསར་འགྱུརམཐོ་རིམ་སློབ་གྲྭར་སྐྱོད་པའི་བྱེད་སྒོ་དེ་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ་རུ་སྤེལ།

图片


7

图片

ཉེ་ཆར། མཁས་པའི་དབང་པོ་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་སྐུ་འཁྲུངས་ནས་ལོ་བརྒྱ་དང་བཅུ་འཁོར་བའི་རྗེས་དྲན་ཚོགས་འདུ་ཟུང་ཆུ་རྫོང་ནས་བསྡུས། 

图片


8

 

图片

ཟླ10པའི་ཚེས15ཉིན། བོད་ལུགས་གསོ་རིག་མཁས་མཆོག་ཨ་ཁུ་བསྟན་ཁོ་ལགས་སྐུ་གཤེགས་ནས་ལོ་ལྔ་ལོན་པའི་རྗེས་དྲན་ཚོགས་ཆེན་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་མཛོད་དགེ་རྫོང་དུ་འཚོགས།

图片


9

 

图片

ཉེ་ཆར། སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་བཙུགས་ནས་ལོ་བཅོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་དགའ་སྟོན་མཛད་སྒོ་ཁྲིན་ཏུའུ་གྲོང་ཁྱེར་ནས་སྤེལ།

图片




10

图片

ཟླ10པའི་ཚེས15ཉིན། ༼ ཁམས་སྐད་དུང་གི་སྒྲ་དབྱངས། བརྙན་གཟུགས་མིག་གི་དགའ་སྟོན ༽ཞེས་པའི2024ལོར་ཁམས་སྐད་ཀྱིས་བསྒྱུར་སྐྲུན་བྱས་པའི་གློག་བརྙན་སྤྱི་ཕན་འགྲེམ་གཏོང་བྱེད་སྒོ་ཁྲིན་ཏུའུ་གྲོང་ཁྱེར་ནས་སྤེལ།

图片


11

 

图片

ཚེས17ཉིན་གྱི་ཆུ་ཚོད08ནས་ཚེས18ཉིན་གྱི་ཆུ་ཚོད20ཡི་བར་དུ། ཟི་ལིང་གི་ས་ཁུལ་མང་ཆེ་བ་དང་མཚོ་ཤར་གྱི་ས་ཁུལ་མང་ཆེ་བ། མཚོ་ལྷོ། མཚོ་བྱང་གི་ལྷོ་རྒྱུད། ཡུས་ཧྲུའུ་ཡི་ས་ཁུལ་མང་ཆེ་བ། མགོ་ལོག རྨ་ལྷོ། ཏུའུ་ལན། ན་གོར་མོ་གྲོང་ཁྱེར། མུན་ཡོན་བཅས་ཀྱི་ཞང་དང་གྲོང་རྡལ་ཁ་ཤས་སུ་ཧའོ་སྨིད0.1ནས5བར་གྱི་ཆར་ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་པའི་གནམ་གཤིས་ཡོད་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ཏུ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།