《མཚོ་བྱང་ཁུལ་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ》གྱི་དང་ཞུས་ཚོགས་འདུ་འཚོགས།
发布时间:2024年10月21日 消息来源:

    རྩོམ་སྒྲིག ཚེ་གཟུངས་སྐྱིད།  ཡོང་ཁུངས།  མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས།ཚེ་བརྟན་བཀྲ་ཤིས། 

2024ལོའི་ཟླ10པའི་ཚེས18ཉིན། མཚོ་བྱང་ཁུལ་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་དང་མགོ་འཛིན་བྱས་པའི《མཚོ་བྱང་ཁུལ་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ》གྱི་དང་ཞུས་ཚོགས་འདུ་འཚོགས།

图片

ཚོགས་ཐོག་ཏུ། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱི་ཀྲུའུ་རིན་རིན་ཆེན་ཚེ་རིང་གིས་བསྟན་དོན། ས་མིང་རིག་གནས་ནི་འདས་པའི་ལོ་རྒྱུས་དང་མ་འོངས་པའི་བྱུང་བ་སྦྲེལ་བའི་ཨ་ལོང་ལྟ་བུ་ཞིག་ཡིན་ཏེ། ལོ་རྒྱུས་ཀྱི་བྱུང་བ་རེ་རེ་ས་མིང་ནང་དུ་ཐིམ་ཡོད་ལ། རིག་གནས་ཀྱི་ཉིང་བཅུད་དག་ཀྱང་ས་མིང་ནང་སིམ་ཡོད་པས། ས་མིང་རིག་གནས་རྩོམ་འབྲིའི་ལས་དོན་འདི་ནི་ཚེགས་ཆེ་ཡང་དོན་སྙིང་ཤིན་ཏུ་ཆེ་བའི་ལས་དོན་ཞིག་ཡིན་པས། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལས་དོན་འདི་ལ་ཧ་ཅང་མཐོང་ཆེན་བྱས་ཏེ། ཆེད་དུ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། ཐོག་མའི་ལས་བགོས་དང་། བར་གྱི་མ་ཟིན་རྩིས་ལེན་སོགས་ཀྱི་ལས་རིམ་སྣ་ཚོགས་བརྒྱུད་དེ། ད་ལྟ་དང་ཞུས་ཀྱི་གོ་རིམ་འདིར་སླེབས་ཡོད། ད་ལྟ། ས་མིང་རིག་གནས་ལོ་རྒྱུས་ཀྱི་བརྗོད་བྱ་དང་རྗོད་བྱེད་ཀྱི་ལེགས་ཉེས་སོགས་ལ་བླང་བྱ་ནན་མོ་བཏོན་ཏེ། མ་དག་པ་དག་ཐེར་བྱེད་དགོས་ཤིང་། ལོ་རྒྱུས་དངོས་ལ་བསྟུན་པ། ད་ལྟའི་དགོས་མཁོ་དང་བསྟུན་པ། གྲགས་པའི་བརྡ་དང་མཐུན་པ་བཅས་ཀྱི་སྒོ་ནས་ཞུས་དག་བྱེད་དགོས་པའི་བླང་བྱ་བཏོན།

图片

ཚོགས་ཐོག་ཏུ། རྩོམ་འབྲི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལས་མཚོ་བྱང་ཁུལ། མདོ་ལ་རྫོང་། རྐང་ཚ་རྫོང་། མདའ་བཞི་རྫོང་། འཇུ་ལག་རྫོང་བཅས་ཀྱི་འགན་འཁུར་བས་མཚོ་བྱང་ཁུལ་དང་རྫོང་སོ་སོའི་སྤྱི་བཤད། དེ་བཞིན་རང་སྐྱོང་ཁུལ་མངའ་ཁོངས་ཀྱི་མཁར་གྲོང་དང་སྲིད་འཛིན་སྡེ་བ། གནས་སྐོར་མཛེས་ལྗོངས། རི་ཆུ་རིག་གནས་སོགས་ཀྱི་ས་མིང་བརྡ་འགྲེལ་རྩོམ་འབྲིའི་བརྒྱུད་རིམ་ཁྲོད་གནས་པའི་གནད་དོན་དང་། ཐེ་ཚོམ་གྱི་གནད། ལེགས་བཅོས་བྱེད་དགོས་པའི་གནས། ཁ་སྣོན་བྱེད་དགོས་ས་བཅས་ཀྱི་གནད་དོན་བཏོན་པ་མ་ཟད། ཚོགས་ཞུགས་ཀུན་གྱིས་ཐུན་མོང་དུ་བགྲོ་གླེང་གནང་སྟེ་ལེགས་བཅོས་ཀྱི་བསམ་འཆར་བཏོན།

图片

图片

ཚོགས་འདུར་མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་བཅས་ཀྱི་འགན་འཁུར་བློ་མཐུན་དང་འབྲེལ་ཡོད་རྐང་འཛིན་མི་སྣ་ཞུགས་ཡོད།