མཚོ་ནུབ་ཀྱི་གློག་བརྙན་ཐུང་གྲས《གནས་སྤོར་ཁྱིམ་ཚང་ཞིག་གི་གཏམ་རྒྱུད》ཞེས་པར་ཞང་ཀང་གློག་བརྙན་དུས་ཆེན་སྟེང་བྱ་དགའ་ཐོབ།
རྩོམ་སྒྲིག ཚེ་གཟུངས་སྐྱིད།
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
རྒྱུས་ལོན་པ་ལྟར་ན། གློག་བརྙན་དེའི་ནང་རྒྱལ་ཁབ་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་རྒྱབ་ལྗོངས་སུ་བྱས་ཏེ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་རྩྭ་ཐང་འབྲོག་ཁུལ་གྱི་འཚོ་བའི་གཏམ་རྒྱུད་མང་པོ་བརྗོད་གཞིར་བྱས་པ་དང་། དུས་རབས་འཕོ་འགྱུར་གྱི་རྣམ་པ་དེའི་བརྙན་རིས་བརྒྱུད་དེ་ལྟད་མོ་བ་ཚོར་མཚོ་བོད་མཐོ་སྒང་ས་ཁུལ་གྱི་འབྲོག་པས་ཏང་གི་སྲིད་ཇུས་ཀྱི་ཁྲིད་སྟོན་འོག དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་སྐབས་སུ་དངོས་པོ་དང་བསམ་བློ་སོགས་ཐད་ནས་བྱུང་བའི་འགྱུར་ལྡོག་ཆེན་པོ་གསོན་ཉམས་ལྡན་པས་ངང་ཚང་མའི་སྤྱན་ལམ་དུ་བཀྲམ།
གློག་བརྙན་དེའི་ཁྲོད་ཡངས་ཤིང་རྒྱ་ཆེ་བའི་ཐེམ་ཆེན་རྩྭ་ཐང་ནི་མཛེས་སྡུག་ལྡན་པའི་རི་མོ་ཞིག་དང་འདྲ་ལ། ནམ་མཁའ་དང་སྤྲིན་དཀར་བཅས་ཀྱིས་བརྒྱན་པའི་འོག ནོར་ལུག་ཁྱུ་དང་ཅང་ཤེས་རྟ་ཕོའི་བང་རྩལ་འགྲན་བཞིན་གནའ་བོའི་མི་རིགས་རིག་གནས་དེ་གར་རྒྱུན་འཛིན་ཐུབ་པ་དང་། བབ་ཆགས་ལ་སེམས་བཟང་བའི་རོང་འབྲོག་མང་ཚོགས་རྣམས་ལས་ལ་བརྩོན་ཞིང་བློ་གྲོས་ལ་བརྟེན་ནས་མཉམ་གཅིག་ཏུ་ཕྱུག་འགྱུར་གྱི་བགྲོད་ལམ་དུ་བསྐྱོད་པ་དང་། སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་དེ་ས་གཞི་དེའི་ངོ་མཚར་གཏམ་རྒྱུད་ཞིག་མུ་མཐུད་དུ་རྩོམ་བཞིན་ཡོད། ཕབ་སྐྲུན་རུ་ཁག་གིས་མཚོ་ནུབ་ཁུལ་གྱི་རིག་གནས་ས་གཤིས་དེ་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དེའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་གསར་གཏོད་ཀྱི་འབྱུང་རྩར་བྱས་ཏེ། ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་བཏོན་ནས་གྲོང་གསེབ་དར་སྤེལ་གྱི་བྱ་གཞག་ཆེད་ནུས་ཤུགས་འདོན་རྒྱུ་ཡིན་ཟེར།