རྐང་ཚའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྤོས་ལྡན་གྲོང་ཁྱེར་དུ་ཐོན་འདུག
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཨུ་དང་།རྐང་ཚ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི2024 ལོའི་མཚོ་སྔོན་རྐང་ཚའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་དགུན་དུས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་སི་ཁྲོན་ཞིང་ཆེན་སྤོས་ལྡན་གྲོང་ཁྱེར་ཝུའུ་ཧོའུ་ས་ཁུལ་ཁྲའོ་ཡུན་ཧྲེ་ཨན་སྤྱི་གླིང་དུ་འཚོགས་པ་རེད།
ཐེངས་འདིའི་བྱེད་སྒོར“མཐོ་སྒང་སྤུས་ལེགས་ཐོན་རྫས། སྤོས་ལྡན་གྲོང་དུ་ཐོན་པ། ”ཞེས་པ་བརྗོད་དོན་གཙོར་བྱས་ཏེ། “དྲ་ལམ་དང་ཐད་འཚོང་”དང“ས་ཁོངས་ཕྱི་ནང་”གི་ཁྱབ་གདལ་བྱེད་སྟངས་བརྒྱུད་ནས་རྐང་ཚ་རྫོང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས“མཚོ་སྔོན་ནས་སི་ཁྲོན་དུ་བསྐྱོད་པའི”འགྲེམས་སྟོན་དང་སྤེལ་རེས་ཀྱི་སྟེགས་བུ་ཞིག་བཙུགས་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་ཕན་ཚུན་སྐུལ་འདེད་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེན་པོ་ཞིག་ཐུན་མོང་སྒོས་གསར་འབྱེད་བྱས་པ་རེད།
འོས་སྦྱོར་ཚོགས་འདུའི་སྟེང་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་དང་།སྲིད་གཞུང་སྡེ་ཁག་འོས་སྦྱོར། གཞུང་ཁོངས་ཁེ་ལས་འོས་སྦྱོར། ཐོན་སྐྱེད་དང་ཕྱིར་འཚོང་གི་མཉམ་ལས་ལ་གན་རྒྱ་འཇོག་པ། ཡུལ་དངོས་ཚོང་ཟོག་ཐད་གཏོང་བཅས་བྱས་པ་རེད། ཀོང་ཏུང་ཞིང་ཆེན་ཀོང་ཀྲིག་གྲོང་ཁྱེར་དང་།ཧྲན་ཏུང་ཞིང་ཆེན་ལིག་ཁྲིན་གྲོང་ཁྱེར། ཧོ་པེ་ཞིང་ཆེན་ལིང་ཧྥང་གྲོང་ཁྱེར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སོགས་ཡན་ལག་ཚོགས་ར་རུ་དུས་གཅིག་ཏུ་འོས་སྦྱོར་དང་དྲིལ་བསྒྲགས་བྱས་པ་དང་། ཐོན་རྫས་འགྲེམས་སྟོན་ཁུལ། ཟས་རིགས་རོལ་མྱོང་ཁུལ། དཔྱད་འཇོག་ཉམས་ལེན་ཁུལ། ཕྱུགས་རིགས་འགྲེམས་སྟོན་ཁུལ། འབྲོག་པའི་རིག་གནས་ཉམས་ལེན་ཁུལ་བཅས་བཀོད་སྒྲིག་བྱས་ཤིང་། ཁྱོན་ཁེ་ལས་ཁྱིམ་ཚང་དང་ཚོང་གཉེར་བྱེད་པོ31འགྲེམ་འཚོང་དུ་ཞུགས་ཡོད།དེ་ལའང་ཞིང་འབྲོག་ཐོན་རྫས་དང་།རིག་གནས་གསར་གཏོད་ཐོན་རྫས།ཤུལ་བཞག་ཐོན་རྫས། ཁྱད་ལྡན་ཟས་རིགས་སོགས་ཀྱི་སྣ་ཁ་མི་གཅིག་པའི་ཐོན་རྫས260ལྷག་ཙམ་འགྲེམས་སྟོན་བྱས་པ་རེད། བྱེད་སྒོའི་ཉིན་དེར་འགྲེམ་འཚོང་ཁེ་ལས་དང་ཚོང་གཉེར་བྱེད་པོ31ཡོངས་ཀྱི་བྲིན་ཚོང་ཡོང་འབབ་སྒོར་ཁྲི19.86ཟིན་པ་རེད། རྐང་ཚ་ཆིན་ཧོས་ཞིང་འབྲོག་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སི་དང་། པེ་ཅིན་ཐེན་ཡོ་ཧྲིན་ཞུན་ཚོང་དོན་ཚད་ཡོད་ཀུང་སི། སི་ཁྲོན་ཞིང་ཆེན་གྱི་རྒྱ་ཁོག་ཟས་རིགས་མཁོ་སྤྲོད་སྦྲེལ་མཐུད་འཕེལ་རྒྱས་ཡར་སྐུལ་ཚོགས་པ་བཅས་ཀྱིས་ཁྱོན་སྒོར་ཁྲི2700(ཏུན450)ཟིན་པའི་སྐམས་ཤ་ཕྱིར་ཚོང་གི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། རྐང་ཚ་རྫོང་བླ་མཚོ་ཡུལ་སྐོར་མ་འཇོག་གསར་སྤེལ་ལས་གཉེར་ཚད་ཡོད་ཀུང་སི་དང་། སྤོས་ལྡན་གྲོང་ཁྱེར་ཏེན་ཞན་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཚད་ཡོད་ཀུང་སི་བཅས་ཀྱིས་དགོ་དམར་ཚན་རིག་ཁྱབ་གདལ་ཞིབ་འཇུག་རྟེན་གཞི་དང་། ཙོང་ཉའི་ཁྱིམ་གཞིས་མཛེས་ལྗོངས་ཁུལ། ལྷ་ཆབ་ཁུགས་སྐྱེ་ཁམས་ཉམས་ལེན་ཁུལ་བཅས་ཀྱི་ཡུལ་སྐོར་མཉམ་ལས་གྱི་གྲོས་མཐུན་ལ་མིང་རྟགས་བཀོད།
ཐེངས་འདིའི་འོས་སྦྱོར་ཚོགས་འདུ་སྟེང་སི་ཁྲོན་དང་མཚོ་སྔོན་གྱི་ཐོན་ལས་མཉམ་ལས་ཀྱི་སྤེལ་རེས་ཇེ་ཟབ་ཏུ་ཕྱིན་པར་མ་ཟད།ས་གནས་དེ་གར་ལྗང་མདོག་བདེ་ཐང་ཟས་རིགས་མཁོ་འདོན་བྱས་ཏེ། ཕྱོགས་གཉིས་ཀའི་ལག་གདང་སྦྲེལ་ནས་ཐུན་མོང་གིས་འཕེལ་རྒྱས་གཏོང་རྒྱུར་འགོ་ཡག་པོ་ཞིག་བཙུགས་པ་རེད།