གཞིས་ཀ་རྩེའི་ས་ཡོམ་ནི་དྲང་ཕྱོགས་རིམ་ཆད་
རྣམ་པའི་ས་ཡོམ་ལ་གཏོགས།
发布时间:2025年01月14日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད།ཡོང་ཁུངས། ཀྲུང་གོའི་ཚན་རིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


—ཀྲུང་གོའི་ས་གཤིས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཞུས་ཞི་ཝེ་ལ་བཅར་འདྲི་བྱས་པ།

 ཟླ་དང་པོའི་ཚེས7ཉིན་གྱི་ཆུ་ཚོད9དང་སྐར་མ5ཡི་ཐོག བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་དིང་རི་རྫོང་དུ་རིམ་པ6.8ཅན་གྱི་ས་ཡོམ་བྱུང་བ་རེད། 

ཐེངས་འདིའི་ས་ཡོམ་གྱི་ས་གཤིས་རྒྱབ་ལྗོངས་ཇི་འདྲ་ཡིན་པ་དང་། ས་གནས་དེ་གའི་ལོ་རྒྱུས་ཁྲོད་ས་ཡོམ་དྲག་པོ་བྱུང་མྱོང་ཡོད་མེད། ཡོམ་འཕྲོའི་གནས་ཚུལ་ཇི་འདྲ་ཡིན་པ་སོགས་ཀྱི་ཐད། 《ཀྲུང་གོའི་ཚན་རིག་ཚགས་པར》གྱི་གསར་འགོད་པས་རྒྱལ་ཁབ་རང་བྱུང་གནོད་འཚེ་འགོག་བཅོས་ཞིབ་འཇུག་གླིང་གི་གླིང་གཙོ་ཐོག་མ་དང་ཀྲུང་གོའི་ས་གཤིས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཞུས་ཞི་ཝེ་ལ་བཅར་འདྲི་བྱས་པའི་ནང་དོན་གཤམ་ལྟར། 

གསར་འགོད་པ། ཐེངས་འདིའི་ས་ཡོམ་ལ་ས་གཤིས་རྒྱབ་ལྗོངས་ཇི་འདྲ་ཡོད་དམ། 

ཞུས་ཞིཝེ ཐེངས་འདིའི་ས་ཡོམ་ནི་མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་ས་ཆའི་ས་ཡོམ་དྲག་པོ་ཞིག་ཡིན་ལ། ས་ཡོམ་བྱུང་ས་ནི་མདོ་དབུས་མཐོ་སྒང་གི་ལྷོ་རྒྱུད་ས་ཁུལ་དུ་འདུག གནས་འདིར་ལྷོ་ནས་བྱང་ལ་ཕྱོགས་པའི་དྲང་ཕྱོགས་རིམ་ཆད་ཀྱིས་ཚོད་འཛིན་བྱས་པའི་ས་བྱིང་གཞོང་སའི་ས་རྒྱུད7ཡོད་ཅིང་། ཐེངས་འདིའི་ས་ཡོམ་ནི་དེ་དག་གི་ཁྲོད་ཀྱི་ཤན་རྩ་ནས་གཏིང་སྐྱེས་བར་གྱི་ས་བྱིང་གཞོང་སའི་རྒྱུད་ཀྱི་ནུབ་གཞོགས་ས་མཚམས་ཀྱི་ཉེ་འཁོར་དུ་བྱུང་ཡོད། 

མདོ་དབུས་མཐོ་སྒང་ནི་རང་རྒྱལ་གྱི་ས་ཡོམ་ཆེས་དྲགས་པའི་ས་ཁུལ་ཡིན་ཞིང་། 1997ལོར་བྱང་ཐང་མི་མེད་ལུང་སྟོང་དུ་ཚད་རིམ7.9ཅན་གྱི་ས་ཡོམ་ཆེན་པོ་ཞིག་བྱུང་བ་ནས་བཟུང་། རང་རྒྱལ་གྱི་སྐམ་སའི་ནང་ལོག་གི་ཚད་རིམ7.0ཡན་གྱི་ས་ཡོམ་ཕལ་ཆེ་བ་མདོ་དབུས་མཐོ་སྒང་དང་དེའི་ཉེ་འཁོར་ས་ཆར་བྱུང་ཡོད།

གསར་འགོད་པ། ཐེངས་འདིའི་ས་ཡོམ་གྱིས་བསྐྱེད་པའི་ས་ཤུན་འགྱུར་ལྡོག་ལ་ཁྱད་ཆོས་ཅི་ཞིག་ཡོད་དམ།

ཞུས་ཞིཝེ ཐེངས་འདིའི་ས་ཡོམ་གྱི་རིམ་ཆད་ནི་དྲང་ཕྱོགས་རིམ་ཆད་ཡིན་ཞིང་། དེ་ནི་མདོ་དབུས་མཐོ་སྒང་གི་ལྷོ་བྱང་ཕྱོགས་སུ་བཙུར་གནོན་དང་ཤར་ནུབ་ཕྱོགས་སུ་རྐྱོང་འཐེན་བྱས་པའི་ཆ་རྐྱེན་འོག་བྱུང་བའི་ས་ཤུན་འགྱུར་ལྡོག་ལས་མངོན་ཡོད། བལྟོས་བཅས་ཀྱིས་བཤད་ན། ལྡོག་རྒྱུགས་རྣམ་པའི་ས་ཡོམ་གྱིས་རིམ་ཆད་ཤུད་འགུལ་ལ་བརྟེན་ནས་ས་ཤུན་ཇེ་ཐུང་དུ་གཏོང་བ་དང་། བགྲོད་ཤུད་རྣམ་པའི་ས་ཡོམ་གྱིས་རིམ་ཆད་ཤུད་འགུལ་ལས་བསྐྱེད་པའི་དྲས་གཅོད་དང་འགད་གས་ལ་བརྟེན་ནས་ལྡེམ་གཤིས་ནུས་སྣང་ཕྱིར་གཏོང་བ་ཡིན། དྲང་ཕྱོགས་རིམ་ཆད་རྣམ་པའི་ས་ཡོམ་གྱིས་རིམ་ཆད་ཤུད་འགུལ་ལ་བརྟེན་ནས་ས་ཤུན་རྐྱོང་འཐེན་བྱེད་དུ་འཇུག་པ་རེད། 

ཐེངས་འདིའི་ས་ཡོམ་ནི་ཚད་རིམ7.0ལ་ཉེ་ཞིང་། གཏིང་ཚད་བལྟོས་བཅས་ཀྱིས་ཅུང་ཐུང་བ་དང་། ཡོམ་ཚད་ཆེས་དྲགས་པའི་ས་ཁུལ(ཡོམ་ལྟེ་དང་དེའི་ཉེ་འཁོར་ས་ཁུལ)གྱི་ས་ཡོམ་དྲགས་ཚད་ཆེས་མཐོ་བ་ཚད་རིམ9ལ་སླེབས་ཐུབ་ཅིང་། གཏོར་བཤིག་རང་བཞིན་ཅུང་ཆེ། ད་ཡོད་ཡོམ་རླབས་ཀྱི་བསྐྱར་མངོན་མཇུག་འབྲས་ལས་ཤེས་པ་ལྟར་ན། ཐེངས་འདིའི་ས་ཡོམ་གྱིས་ལྷོ་བྱང་ཕྱོགས་སུ་ཉེ་བའི་ཡོམ་འབྱུང་རིམ་ཆད་དེ། གཏིང་མོ་མཚོ་གས་སྲུབས་ལ་སྤྱི་ལེ40ཅན་གྱི་ས་ཤུན་གས་པའི་སྣང་ཚུལ་བྱུང་ཡོད་ལ། དྲང་འཕྱང་འཕེལ་འགྲིབ་བྱེད་ཚད་སྨི1ཡས་མས་ལ་བསླེབས་ཏེ། ས་ཤུན་ཤར་ནུབ་ཕྱོགས་གཉིས་སུ་བརྐྱངས་ཡོད། 

གསར་འགོད་པ། ལོ་རྒྱུས་ཐོག་གཞིས་ཀ་རྩེ་ས་ཁུལ་དུ་བྱུང་བའི་དྲང་ཕྱོགས་རིམ་ཆད་རྣམ་པའི་ས་ཡོམ་གྱི་ཡོམ་ཚད་ཇི་འདྲ་ཡིན་ནམ། 

ཞུས་ཞི་ཝེ། མདོ་དབུས་མཐོ་སྒང་གི་དབུས་རྒྱུད་དང་ལྷོ་རྒྱུད་ས་ཁུལ་དུ་ལྷོ་བྱང་ཁ་ཕྱོགས་ལ་ཉེ་བའི་དྲང་ཕྱོགས་རིམ་ཆད་མང་པོ་ཡོད་ལ། དེར་འབྲེལ་གྱི་ས་ཡོམ་ཡང་རྒྱུན་པར་འབྱུང་བ་དང་། གཙོ་ཆེ་བ་ཡོམ་ཚད6.5ནས7.0བར་གྱི་ས་ཡོམ་དྲགས་པོ་དང་འབྲིང་གྲས་རིགས་ཡིན། ཐེངས་འདིའི་ས་ཡོམ་ནི་ཅུང་དཔེ་མཚོན་ལྡན་པའི་དྲང་ཕྱོགས་རིམ་ཆད་རྣམ་པའི་ས་ཡོམ་ཞིག་རེད། 

གསར་འགོད་པ། ས་ཡོམ་རྒྱུན་པར་འབྱུང་བའི་མདོ་དབུས་མཐོ་སྒང་དུ། ད་དུང་ཡུལ་ཁོངས་གང་དག་ལ་མཉམ་འཇོག་བྱ་དགོས་སམ། 

ཞུས་ཞི་ཝེ། ང་ཚོས་ས་ཡོམ་གྱི་ཉེན་ཁའི་ས་ཁུལ་ཁ་ཤས་ལ་མཉམ་འཇོག་བྱས་ཡོད་དེ། དཔེར་ན་མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་ཀྱི་ཨར་ཅིན་གས་སྲུབས་ཀྱི་ཤར་དུམ་དང་། ཤར་ལྷོའི་རྒྱུད་ཀྱི་ལྷ་རི་གས་སྲུབས་རྒྱུད་སོགས་ལྟ་བུ། 

འདི་གཉིས་ཀ་བགྲོད་ཤུད་རྣམ་པའི་གས་སྲུབས་རྒྱུད་ཡིན་ཞིང་། ལྷག་པར་དུ་ལྷ་རི་གས་སྲུབས་རྒྱུད་ནི“ས་ཡོམ་སྟོངས་ཁུལ”ཡིན་ཏེ། ལོ་རྒྱུས་ཐོག་ས་ཡོམ་ཆེན་པོ་དང་གནའ་བོའི་ས་ཡོམ་བྱུང་བའི་ཟིན་ཐོ་མེད། མ་འོངས་པར་ང་ཚོས་ད་དུང་དེའི་འཕེལ་རྒྱས་ཆ་རྐྱེན་དང་རྒྱུན་ལྡན་མིན་པའི་སྣང་ཚུལ་ཡོད་མེད་སོགས་ལ་མཉམ་འཇོག་བྱ་དགོས། 

གཞན་ང་ཚོས་མུ་མཐུད་དུ་འགུལ་སྐྱོད་རིམ་ཆད་ས་ཁུལ་ལ་ས་ཁྲའི་ཐོག་རྟགས་བཀོད་ནས། སྔོན་ཆད་ས་ཡོམ་ཆེན་པོ་བྱུང་མྱོང་བའི་ས་གཤིས་རིམ་ཆད་ཀྱི་རྗེས་ཤུལ་ལ་ཞིབ་འཇུག་བྱས་ཏེ། དེའི་བསྐྱར་འབྱུང་ཆོས་ཉིད་ལ་ཕྱོགས་བསྡོམས་དང་སྔོན་གྱི་ཉམས་མྱོང་དེང་དུས་སུ་སྤྱད་ནས། འགུལ་སྐྱོད་རིམ་ཆད་དུ་ས་ཡོམ་དྲགས་པོ་འབྱུང་བའི་སྲིད་ཕྱོད་ལ་རིགས་འདེད་བྱ་རྒྱུའི་འབོད་སྐུལ་བཏང་བ་ཡིན།


图片



中国地质大学教授徐锡伟:日喀则地震是正断层型地震


1月7日9时5分,西藏日喀则市定日县发生6.8级地震。

此次地震有何地质背景?当地历史上是否发生过强震?余震情况如何?《中国科学报》就此采访了国家自然灾害防治研究院首任院长、中国地质大学教授徐锡伟。

《中国科学报》:请问此次地震有何地质背景?

徐锡伟:此次地震是青藏高原腹地的一次强震,位于青藏高原中南部地区,这里发育了7条近南北向的由系列正断层控制的地堑盆地带。这次地震就发生在其中一条地堑盆地带——申扎-定结地堑盆地带的西侧边界附近。

青藏高原是我国地震最强烈的地区,自1997年藏北无人区玛尼发生7.9级大地震以来,至今我国大陆内部震级在7.0级以上的大地震基本上都发生在青藏高原及其邻近地区。

《中国科学报》:此次地震带来的地壳变形有什么特征?

徐锡伟:此次地震断层为正断层型,表现为青藏高原南北向挤压和东西向拉伸条件下的地壳变形。相对来说,逆冲型地震通过断层滑动造成地壳缩短,走滑型地震通过断层滑动引起地壳的剪切破裂释放弹性应变能,而正断层型地震则通过断层滑动引起地壳拉伸。

这次地震接近7.0级,且深度相对较浅,极震区(震中及其附近区域)地震烈度最高可能达到9度,破坏性较强。根据现有地震波反演结果可知,这次地震可能会沿近南北向的发震断层——登么错断裂产生约40公里的地表破裂带,垂直升降位移可能会达到1米左右,造成地壳的东西向伸展。

《中国科学报》:历史上,日喀则地区正断层型地震震级情况如何?

徐锡伟:青藏高原中部、南部地区发育着大量近南北向正断层,相关地震频发,以震级介于6.5~7.0级之间的中强震为主。本次地震的震级是比较典型的正断层型地震。

《中国科学报》:地震频发的青藏高原,还有哪些区域需要关注?

徐锡伟:我们已经关注了一些地震危险区,比如青藏高原东北部的阿尔金断裂东段、东南部的嘉黎断裂带等。

这两条都是走滑型断裂带,特别是嘉黎断裂带,是“地震空区”,即历史上尚未记录曾发生过大地震或古地震。未来我们还要注意研究它的发展条件、表现以及是否存在异常现象等。

此外,我一直倡导的是,要进一步开展活动断层填图,对曾经发生过大地震的地质断层遗迹进行研究,统计其复发规律并将古论今,推测活动断层发生大地震的可能性。