རྐང་ཚས་ཐོན་རྫས་གསར་པ་རིགས10ལྷག་ལ་བརྟེན་ནས་ཕྱུགས་ལས་ཐོན་རྫས་རིན་འཕར་བེད་སྤྱོད་ལ་སྐུལ་འདེད་བཏང་།
发布时间:2025年03月04日 消息来源:


རྩོམ་སྒྲིག ེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


1.png

རྐང་ཚ་ཆིན་ཧོའུ་ཞིང་ཕྱུགས་མ་འཇོག་གསར་སྤེལ་ཚད་ཡོད་སྤྱི་གཉེར་གྱི་བཟོ་བས་ཐོན་རྫས་ཀྱི་ཐུམ་རྒྱག་བཞིན་ཡོད།

640.png

རྐང་ཚའི་འབྲོག་ལུག

“2024ལོར་ཕྱུགས་ལས་ཀྱི་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱ་ཆེད། རྐང་ཚ་རྫོང་གིས་སྔ་རྗེས་སུ་ལུག་ཤའི་ཁུ་བ་དང་ལུག་ལྤགས་མོའུ་སྤྱིན།(羊皮穆胶) མོའུ་སྤྱིན་སྤྲི་གོར།(穆胶糕) གློ་སྙིང་མཆིན་པའི་འགུལ་སྐྱོད་འཚོ་བཅུད་ཐིད་གཤེར་སོགས་ཐོན་རྫས་གསར་པ་རིགས10ལྷག་ཙམ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱས་ཡོད།” ཟླ2པའི་ཚེས23ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཆིན་ཧོའུ་ཞིང་ཕྱུགས་མ་འཇོག་གསར་སྤེལ་ཚད་ཡོད་སྤྱི་གཉེར་གྱི་འགན་ཁུར་པ་ཚེ་དཔལ་བཀྲ་ཤིས་ཀྱིས་དེ་ལྟར་མཚམས་སྦྱོར་བྱས། ཐོན་རྫས་གསར་པ་འདི་དག་ཞིབ་འཇུག་གསར་སྤེལ་བྱས་པས། རྐང་ཚ་རྫོང་གི་ནོར་ལུག་གི་ཀོ་ལྤགས་ནས་ནང་ཁྲོལ་བར་གྱི་རིན་འཕར་བེད་སྤྱོད་མངོན་འགྱུར་བྱུང་ཡོད་ཅིང་། ཕྱུགས་ར་ནས་དངོས་བཤེར་ཁང་དང་དེ་ནས་འཛད་སྤྱོད་མཐའ་སྣེའི་བར་གྱི་ཐོན་ལས་སྦྲེལ་ཐག་ཧྲིལ་བོའི་ལས་གཉེར་གོ་རིམ་ཆགས་ཡོད།