མཚོ་སྔོན་པོའི་མཚོ་དར་ཞུ་མགོ་བརྩམས།ཉ་གསེར་མིག་རྩལ་དྲུག་ངོམ་ལ་བྲེལ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
མཚོ་སྔོན་པོ་ནི་མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་དུ་གནས་ལ། རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་ཤོས་ཀྱི་སྐམ་སའི་ཚྭ་མཚོ་ཞིག་ཡིན། དཔྱིད་ཀ་སླེབས་པ་དང་བསྟུན་ནས་དྲོད་ཚད་རིམ་གྱིས་མཐོ་རུ་ཕྱིན་པ་དང་བསྟུན་ནས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་མཚོ་སྔོན་པོའི་མཚོ་དར་འཕེན་པའི་སྣང་ཚུལ་ཐོན་ཞིང་། དེས་མཚོ་སྔོན་པོའི“མཚོ་དར་འཕེན་པའི་དུས་ཚིགས”སླེབས་ལ་ཉེ་བ་མཚོན།

མཚོ་མོའི་གཏིང་གི་གསེར་ཉ་དག་གཉིད་ལས་སད་དེ་དཔྱིད་ཀའི་རེ་བ་དང་གསོན་ཤུགས་གསར་བ་བསུ་བཞིན་ཡོད། གསེར་ཉ་ལ་རྒྱ་སྐད་དུ་ཧོང་ཡོས་ཟེར་ཞིང་། དེ་ནི་མཚོ་སྔོན་པོའི་ནང་དུ་དམིགས་བསལ་དུ་ཡོད་པའི་རྩ་ཆེའི་སྐྱེ་དངོས་རིགས་ཤིག་ཡིན། ཡུན་རིང་སྲུང་སྐྱོབ་བྱས་པ་བརྒྱུད། མིག་སྔར་མཚོ་སྔོན་པོའི་གསེར་ཉའི་ཁ་གྲངས་ཏུན་ཁྲི12.03ལ་སླེབས་ཡོད།
