གུང་གསེང་གཏོང་བའི་བརྡ་སྦྱོར།
སྒྲིག་སྒྱུར། ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
གཟའ་འཁོར་རྗེས་མ་ནི་དྭངས་གསལ་དུས་ཆེན་གྱི་གུང་གསེང་སྟེ། ཟླ4པའི་ཚེས4ཉིན(གཟའ་འཁོར་རྗེས་མའི་གཟའ་པ་སངས)ནས་ཟླ4པའི་ཚེས6ཉིན( གཟའ་འཁོར་རྗེས་མའི་གཟའ་ཉི་མ)བར་ཁྱོན་ཉིན་གསུམ་ལ་གུང་གསེང་གཏོང་རྒྱུ་རེད། ངལ་གསོའི་དུས་ཚོད་བརྗེ་སྣུར་བྱེད་རྒྱུ་མེད།
གུང་གསེང་ལ་སྒེར་འཁོར་བསྐོར་ནས་འགྲོ་རྩིས་ཡོད་པའི་གྲོགས་པོ་ཚོས་དོ་སྣང་བྱ་དགོས་པ་ནི། 2025ལོའི་དྭངས་གསལ་དུས་ཆེན་ལ་འགྲུལ་འཁོར(འགྲུལ་སྐྱེལ་རླངས་འཁོར)ཆུང་གྲས་རིགས་ལ་མྱུར་བགྲོད་ལམ་རིན་མི་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི《འགྲིམ་འགྲུལ་སྐྱེལ་འདྲེན་པུ་སོགས་སྡེ་ཚན་གྱི་དུས་ཆེན་གལ་ཆེའི་རིང་ལ་འགྲུལ་འཁོར(འགྲུལ་སྐྱེལ་རླངས་འཁོར)ཆུང་གྲས་ལ་ལམ་རིན་མི་བསྡུ་བའི་ལག་བསྟར་ཇུས་གཞི་ལ་ཆོག་མཆན་སྤྲད་པའི་སྐོར་གྱི་བརྡ་སྦྱོར》(རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ〔2012〕ཨང37པ)ལྟར་ན། རིན་བསྡུའི་གཞུང་ལམ་ལ་རིན་མི་བསྡུ་བའི་དུས་ཚོད་ཀྱི་ཁྱབ་ཁོངས་ནི་དཔྱིད་གསར་དུས་ཆེན་དང་། དྭངས་གསལ་དུས་ཆེན། ངལ་རྩོལ་དུས་ཆེན། རྒྱལ་སྟོན་དུས་ཆེན་སོགས་རྒྱལ་ཁབ་ཀྱི་ཁྲིམས་བཀོད་དུས་ཆེན་བཞི་ཡིན།
དྭངས་གསལ་དུས་ཆེན་གུང་གསེང་སྟེ། ཟླ4པའི་ཚེས4ཉིན་གྱི་ཆུ་ཚོད0ནས་ཚེས6པའི་ཆུ་ཚོད24བར་རིན་བསྡུའི་གཞུང་ལམ(གནམ་ཐང་མྱུར་བགྲོད་གཞུང་ལམ་དང་། རིན་བསྡུའི་ཟམ་པ་དང་ཕུག་ལམ་བཅས་ཚུད་ཡོད)ཚང་མར་འགྲུལ་འཁོར(འགྲུལ་སྐྱེལ་རླངས་འཁོར)ཆུང་གྲས་ཤར་བགྲོད་བྱེད་པར་རིན་མི་བསྡུ། ཟླ4པའི་ཚེས7ཉིན་གྱི་ཆུ་ཚོད0ནས་བཟུང་སླར་གསོ་བྱས་ཏེ་རྒྱུན་ལྡན་ལྟར་རིན་བསྡུ་རྒྱུ་རེད།