མཚོ་སྔོན་པོར་སྐྱེ་ཁམས་ཡུལ་སྐོར་གྱི“དུས་སྐབས་ཡག་ཤོས”བསུ་འགོ་ཚུགས།
发布时间:2025年03月27日 消息来源:

       རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོངས་ཁུངས།  རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་། ཡིག་སྒྱུར།   མགོན་པོ་རབ་བརྟན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

 

 

ཟླ3ཚེས20ཉིན 2025ལོའི“མཚོ་སྔོན་པོ·ཞལ་སྒོ་འབྱེད་པའི”མུ་འབྲེལ་བྱེད་སྒོ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་དུ་འགོ་ཚུགས་པ་རེད། གནམ་གཤིས་ཇེ་དྲོ་རུ་ཕྱིན་པ་དང་བསྟུན་ནས་གྲང་འཁྱགས་ཀྱིས་བསྡམས་པའི་མཚོ་སྔོན་པོའི་མཚོ་དར་རིམ་གྱིས་གས་སྲུབས་ཕྱེ་བ་ནུབ་རླུང་གིས་དེད་དེ་མཚོ་མོའི་ཞལ་སྒོ་ཡུན་གྱིས་ཕྱེས། ལོ་རེར་མཚོ་མོའི་ཞལ་སྒོ་འབྱེད་པའི་དུས་སུ་ཡུལ་སྐོར་བ་དང་ས་གནས་དམངས་ཚོགས་མཉམ་དུ་འདུས་ཏེ་རང་བྱུང་ཁམས་ཀྱི་ངོ་མཚར་ཆེ་བའི་མཛེས་སྡུག་དང་མཚོ་སྔོན་པོའི་ཙོང་ཉའི་འཁྱུག་རྩལ་ལ་མྱོང་རོལ་བྱས་ཏེ།  མཚོ་སྔོན་པོར་སྐྱེ་ཁམས་ཡུལ་སྐོར་གྱི“དུས་སྐབས་ཡག་ཤོསཏེ་མདུན་བསུ་བྱེད་པར་སྟ་གོན་བྱས།